《ལྗང་མྱུག》ལོ་དེབ་བཏོན་ནས་ལོ་འཁོར་ཉེར་ལྔ་དང《གངས་སེང་དཀར་མོའི་ང་རོའི》རྩོམ་རིག་བགྲོ་ཚོགས་བསྡུས།
《ལྗང་མྱུག》ལོ་དེབ་བཏོན་ནས་ལོ་འཁོར་ཉེར་ལྔ་དང《གངས་སེང་དཀར་མོའི་ང་རོའི》རྩོམ་རིག་བགྲོ་ཚོགས་བསྡུས།
《ལྗང་མྱུག》ལོ་དེབ་བཏོན་ནས་ལོ་འཁོར་ཉེར་ལྔ་དང《གངས་སེང་དཀར་མོའི་ང་རོའི》རྩོམ་རིག་བགྲོ་ཚོགས་བསྡུས།
ཉེ་སྔོན། 《ལྗང་མྱུག》ལོ་དེབ་བཏོན་ནས་ལོ་འཁོར་ཉེར་ལྔ་ལོན་པའི་བགྲོ་གླེང་དང《གངས་སེང་དཀར་མོའི་ང་རོའི》རྩོམ་རིག་བགྲོ་གླེང་ཚོགས་འདུ་གནའ་མཁར་ཟི་ལིང་གི་ཡིས་ལི་གསོལ་མགྲོན་ཁང་ཆེན་མོ་ནས་བསྡུས།
འདིར་སྦྲང་ཆར་རྩོམ་སྒྲིག་ཁང་གི་ཟླ་བ་བློ་གྲོས་དང་བཀྲ་ཤིས་དོན་གྲུབ། རྡོ་སྦིས་དགེ་བཤེས་ཀྱི་ཉེ་མི་དྲུང་ཡིག་པ་རྒན་ཆོས་དཔལ། སྐུ་འབུམ་དགོན་པའི་དགེ་བཤེས་བསོད་ནམས་རྒྱ་མཚོ། བོད་ཀྱི་སློབ་གསོ་དུས་དེབ་ཀྱི་གཙོ་སྒྲིག་པ་ནོར་བུ་ཚེ་རིང་། མང་ཚོགས་སྒྱུ་རྩལ་ཁང་གི་ཀརྨ་མཁའ་འབུམ། རིག་གཞུང་དཔྱད་བརྗོད་པ་བླ་ནག་པ་ཡེ་བཟང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁྱུང་ཕྲུག་བློ་བཟང་དར་རྒྱས་དང་ལྷུན་གྲུབ་རྡོ་རྗེ། མགར་རྩེ་བསྟན་འཛིན། མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀུན་དགའ་དབང་ཕྱུག དགེ་རྒན་ཆེན་མོ་རྟ་མགྲིན་རྒྱལ། ཡིག་སྒྱུར་བ་ཆེན་མོ་ལུང་རིན་ཆེན། དོ་རྒྱ་བསོད་ནམས་ཚེ་རིང་། སྒྲུང་གཏམ་པ་གྲགས་ཅན་སྟག་འབུམ་རྒྱལ། རྒྱང་སྒྲོག་པ་ཕུར་བ། སྙན་སྒྲོན་པ་འབྲུག་ལྷའམ་འབྲོང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཚེ་རིང་དོན་གྲུབ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་གཞུང་དུས་དེབ་གཙོ་སྒྲིག་པ་རྡོ་རྗེ་ཐར། དུས་ཀྱི་མེ་ལོང་རྩོམ་སྒྲིག་པ་རམ་ཕྲུག ཐར་ཤུལ་ཧི་མ་ལ་ཡའི་སློབ་མ་ཐེ་བོ་གྲགས་པ་དང་བློ་བཟང་ཤེས་རབ། བཀྲ་ཤིས་ཆོས་སྒང་ཤེས་རིག་ལོ་དེབ་ཀྱི་རྩོམ་སྒྲིག་པ་བསོད་ནམས་སྦྱིན་པ་སོགས། བོད་ཀྱི་སྒེར་གཉེར་རྩོམ་སྒྲིག་པའི་མཐུན་ཚོགས་ཀྱི་དྲུང་ཡིག་པ་དར་ཞིང་འོད་དཀར། གཞན་ཕྱི་འགྲིམས་འབུམ་རམས་པ་དང་། གཞན་ཡང་མི་རིགས་ཀྱི་རིག་གཞུང་ལ་དཔྱད་པ་དང་བསླབ་པ་དོན་དུ་གཉེར་བའི་མི་སྣ་གལ་ཆེན་དང་། བླ་སྤྲུལ། དགེ་བཤེས། སློབ་གྲྭ་ཆེ་འབྲིང་གི་དགེ་རྒན། འབུམ་རམས་པ་དང་ཞིབ་འཇུག་སློབ་མ། ཚོགས་པ་སོ་སོའི་གཙོ་འགན་པ། ཁེ་ལས་པ། གྲྭ་བཙུན་སོགས་སྐྱ་སེར་རིས་མེད་ཀྱི་མི་སྣ་བརྒྱ་ཕྲག་འདུས་ཡོད།
བླ་ནག་པ་བློ་བཟང་ཆོས་དར་གྱིས་གྲོས་ཚོགས་ལ་མདོ་འཛིན་མཛད་ཅིང་། 《ལྗང་མྱུག》རྩོམ་སྒྲིག་པ་ཟླ་དོན་གྲུབ་དང་འབལ་ཐོགས་མེད་གཉིས་ཀྱིས་ཐོག་མའི་གཏམ་བཤད་གནང་བ་དང་། 《གངས་སེང་དཀར་མོའི་ང་རོ》ཡི་རྩོམ་སྒྲིག་པ་ཆུ་གྲོལ་གྱིས་རང་ཉིད་ཀྱིས་གཉེར་བའི་དུས་དེབ་ཀྱི་དགེ་མཚན་ཐད་ནས་གང་འཚམ་གྱི་གཏམ་བཤད་གནང་།
ཐོག་མར་རྡོ་སྦིས་དགེ་བཤེས་ཀྱི་དྲུང་ཡིག་པ་ཆོས་དཔལ་གྱིས་རྡོ་སྦིས་དགེ་བཤེས་དང་དགེ་ཆོས་གཉིས་བར་གྱི་བླ་སློབ་ཀྱི་འབྲེལ་བའི་སྐོར་ནས་གསུང་བཤད་གང་རྒྱས་བསྩལ་པ་དང་རྒན་ཁོང་ལོ་དགུའི་སྟེང་ནས་བཟུང་རྡོ་སྦིས་དགེ་བཤེས་ཀྱི་སློབ་མར་གྱུར་ཚུལ་སོགས་ལོ་རྒྱུས་ཞིབ་གླེང་བྱས་ལ། སྦྲང་ཆར་རྩོམ་སྒྲིག་ཁང་གི་རྒན་ཟླ་བ་བློ་གྲོས་ཀྱིས་མང་རྫོང་ནི་མིང་དུ་གྲགས་པའི་རྫོང་ཞིག་ཡིན་པ་དང་ཤེས་རིག་གི་ལྟེ་བ་ཞིག་ཀྱང་ཡིན་པ་བཅས་ལྗང་མྱུག་ལོ་དེབ་དང་འབྲེལ་ནས་ཤེས་རིག་གི་ཚད་གླེང་བ་དང་། བླ་ནག་པ་ཡེ་བཟང་གིས་རྡོ་སྦིས་དགེ་བཤེས་ཀྱི་ལྡེའུ་སྙན་ངག་དང་ངག་ལྡེའུ་ཡིག་ལྡེའུ་སོགས་ཀྱི་སྐོར་ནས་གླེང་བ། སྦྲང་ཆར་རྩོམ་སྒྲིག་ཁང་གི་བཀྲ་ཤིས་དོན་གྲུབ་ཀྱིས་བོད་ཀྱི་བརྩམས་སྒྲུང་གི་གནས་བབ་དང་དུས་དེབ་ཀྱི་རྩོམ་སྒྲིག་པ་ཞིག་ཡིན་ཕྱིན་དེབ་ཏུ་འགོད་རུང་མིན་གྱི་རྩོམ་ཡིག་གི་འགན་འཁུར་དགོས་པའི་ཐད་དང་། བུད་མེད་རྩོམ་པ་པོ་མཁའ་མོ་རྒྱལ་གྱིས་བུད་མེད་ཀྱི་རྩོམ་རིག་གི་གནས་བབ་གླེང་། ཨ་ལགས་རུ་སྔུན་གྱིས་དྭ་ཕྲུག་སློབ་གྲྭའི་གནས་བབ་དང་རྩོམ་པ་པོས་རང་གི་རྩོམ་ཡིག་གི་འགན་འཁུར་དགོས་པའི་ཐད་གསུངས། མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཀུན་དགའ་དབང་ཕྱུག་གིས་རྡོ་སྦིས་དགེ་བཤེས་ཀྱི་རྩོམ་ཡིག་སྐོར་ནས་གླེང་བ། དོ་རྒྱ་བསོད་ནམས་ཚེ་རིང་གིས་སེར་སེར་སློབ་གསོ་ཞེས་པའི་གཞི་ལས་འཕྲོས་ཏེ་གསུང་གླེང་གནང་།
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཁྱུང་ཕྲུག་བློ་བཟང་དར་རྒྱས་ཀྱིས་དཔྱད་རྩོམ་བདམས་ཐོན་གྱི་ཨང་རིམ་སྒྲོག་སྦྱོང་དང་དྲང་བདེན་གྱིས་དཔྱད་འདེམས་བྱས་པའི་ཐད་ནས་གསུང་བཤད་གནང་ཞིང་། ལུང་རིན་ཆེན་གྱིས་སྒྲུང་གཏམ་ལ་དཔྱད་བརྗོད་སྤེལ། འབྲུག་ལྷ་རྒྱལ་ལམ་འབྲོང་གིས《མེ་ལོང་མ》གཞི་བྱས་ཏེ་སྙན་ངག་གི་ཚད་གཞི་གླེང་ནས་སྙན་ངག་ལ་དཔྱད་འཇོག་བྱས་པ་མ་ཟད་བལྟས་འཇོག་གིས་སྙན་ངག་ལ་བྱ་དགའ་བསྩལ། འཇུ་སྐལ་བཟང་གི་འཐུས་ཚབ་མགུར་ཆོས་ཀྱིས་སྲོལ་རྒྱུན་སྙན་ངག་གི་བདམས་ཐོན་རྩོམ་ཡིག་གི་ཁ་བྱང་བསྒྲགས་པ་དང་ཤིས་ཚིག་ཕུལ་ཏེ་གངས་ལྗོངས་ཤེས་རིག་ཡར་སྐུལ་ཚོགས་པས་ཕུལ་བའི་ཤིས་ཚིག་བསྒྲགས།
བྱ་དགའ་ཐོབ་པའི་རྩོམ་པ་པོ་དང་བརྩམས་ཆོས་ལ། རྩོམ་ཡིག་འདེམས་སྟངས་ཀྱི་ཐད་རྩོམ་སྒྲིག་པས་ཐེ་གཏོགས་སྤུ་ཙམ་ཡང་མ་བྱས་པར་ཆེད་མཁས་པ་དང་རྩོམ་པ་པོ་ཉམས་མྱོང་ཅན་སྐོར་ཞིག་གདན་འདྲེན་ཞུས་ཏེ་དཔྱད་འདེམས་བྱས་པ་སྟེ། དཔྱད་རྩོམ་འདེམས་མཁན་ཁྱུང་ཕྲུག་བློ་བཟང་དར་རྒྱས་དང་། བྱ་དགའ་ཐོབ་པའི་དཔྱད་རྩོམ་བརྩམས་ཆོས། 《དབས་རྒྱལ་ཏོ་རེ་སྟག་སྙ་དང་ཁོའི་ཁྱིམ་རྒྱུད་ཀྱི་ཆབ་སྲིད་ལོ་རྒྱུས》(རྩོམ་མཁན་གངས་འཚོ)། 《སློབ་གྲྭའི་ནང་དུ་བསྡུས་གྲྭའི་རིགས་ལམ་འཁྲིད་དགོས་པའི་སྐོར་རགས་ཙམ་གླེང་བ》(རྩོམ་མཁན། རྟ་མགྲིན་རྒྱལ)། སྲོལ་རྒྱུན་སྙན་ངག་འདེམས་མཁན་འཇུ་སྐལ་བཟང་དང་། བྱ་དགའ་ཐོབ་པའི་སྲོལ་རྒྱུན་སྙན་ངག་གི་བརྩམས་ཆོས།《ཐོན་མིའི་རྟོགས་བརྗོད》(རྩོམ་མཁན། བླ་ནག་ཡེ་ཤེས་བཟང་བོ)། རང་མོས་སྙན་ངག་འདེམས་མཁན་འབྲུག་ལྷ་རྒྱལ་ལམ་འབྲོང་དང་། བྱ་དགའ་ཐོབ་པའི་རང་མོས་སྙན་ངག་གི་བརྩམས་ཆོས།《གནམ་དྲན་ཚུལ》(རྩོམ་མཁན། བྱ་སྟོད་འོད་ཟེར)། སྒྲུང་གཏམ་དཔྱད་འདེམ་པ་ལུང་རིན་ཆེན། བྱ་དགའ་ཐོབ་པའི་སྒྲུང་གཏམ་བརྩམས་ཆོས། 《རེ་སྙེག》(རྩོམ་མཁན། སྟག་འབུམ་རྒྱལ)། 《ཕྱིང་དཀར་ལྷུན་པོའི་འདབས་ཀྱི་གསང་བ་བཙལ་བའི་གཏམ་རྒྱུད།》(རྩོམ་མཁན། ཀླུ་སྨྱོན་ཧེ་ཀ)
དཔྱད་འདེམས་པ་རྣམ་པའི་དཔྱད་གཏམ2015ལོའི་ལོ་དེབ་ཀྱི་ངོས་ལ་དགོད་རྒྱུ་ཡིན།