logo

མཚོ་བྱང་ཁུལ་གྱིས་ཐོག་དང་པོར་ངལ་རྩོལ་རྩོད་གླེང་འདུམ་འགྲིག་མི་སྣའི་ཟབ་སྦྱོང་འཛིན་གྲྭ་བསྒྲུབས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2015-09-29 ཀློག་གྲངས།:
     གཞི་རིམ་ངལ་རྩོལ་པའི་རྩོད་གླེང་འདུམ་འགྲིག་རྩ་འཛུགས་འཛུགས་སྐྲུན་བྱེད་པར་གོམ་གང་མདུན་སྤོས་སྒོས་སྐུལ་འདེད་དང་ཕྱོགས་ཡོངས་ནས་མཚོ་བྱང་ཁུལ་གྱི་ངལ་རྩོལ་པའི་རྩོད་གླེང་འདུམ་འགྲིག་མི་སྣའི་ལས་རིགས་ནུས་པ་མཐོར་འདེགས་གཏོང་ཆེད། ཉེ་ལམ། མཚོ་བྱང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས2015ལོའི་ཁུལ་ཡོངས་ཀྱི་ངལ་རྩོལ་པའི་རྩོད་གླེང་འདུམ་འགྲིག་མི་སྣའི་ཟབ་སྦྱོང་འཛིན་གྲྭ་སྤེལ་ཞིང་། ཁུལ་ཡོངས་ཀྱི་ཞང་གྲོང30དང་གཞིས་ཁུལ25། ཁེ་ལས21གི་ངལ་རྩོལ་པའི་རྩོད་གླེང་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་འདུམ་འགྲིག་མི་སྣ600ལྷག་ཐེངས་འདིའི་ཟབ་སྦྱོང་ལ་ཞུགས།
     ཟབ་སྦྱོང་འཛིན་གྲྭའི་སྟེང་། འབྲེལ་ཡོད་ཆེད་ལས་མི་སྣས«ངལ་རྩོལ་གན་རྒྱའི་ཁྲིམས»དང«ངལ་རྩོལ་པའི་རྩོད་གླེང་འདུམ་གཅོད་ཁྲིམས»། «ཁེ་ལས་ངལ་རྩོལ་པའི་རྩོད་གླེང་གྲོས་མོལ་འདུམ་འགྲིག་ཆོད་དོན»སོགས་བཅའ་ཁྲིམས་ཁྲིམས་སྲོལ་ལ་དབྱེ་ཞིབ་བྱས་པ་དང་མཉམ་དུ་གཞི་རིམ་དུ་འདུམ་འགྲིག་བྱེད་པའི་ཁྲོད་རྒྱུན་དུ་འཕྲད་པའི་དོགས་ཡོད་གནད་དོན་ལ་དབྱེ་ཞིབ་བྱས་ཤིང་ཞིབ་ཕྲའི་སྒོ་ནས་ངལ་རྩོལ་པའི་རྩོད་གླེང་འདུམ་འགྲིག་བྱེད་པའི་བྱ་བའི་ཁྲོད་ཀྱི་གོ་རིམ་དང་བྱེད་ཐབས་ལ་འགྲེལ་བཤད་བྱས་པ་དང་ཚད་ལྡན་གྱི་ངལ་རྩོལ་པའི་རྩོད་གླེང་འདུམ་འགྲིག་ཡིག་ཆའི་བཟོ་སྐྲུན་ལ་བྱེ་བྲག་གི་རེ་བ་བཏོན་པ་མ་ཟད། ད་རུང་འདུམ་འགྲིག་པ་ཚོར་ཡུལ་དངོས་ནས་དོགས་ཡོད་གནད་དོན་ལ་ལན་འདེབས་པ་སོགས་བྱས་པས། དཔེ་ཁྲིད་ཡུལ་དངོས་ཧ་ཅང་ཛ་དྲག་ཆེ། ཟབ་སྦྱོང་མཇུག་རྫོགས་རྗེས། འདུམ་འགྲིག་མི་སྣ་མང་པོ་ཞིག་གིས་བཤད་རྒྱུར། ཐེངས་འདིའི་ཟབ་སྦྱོང་གི་ནང་དོན་གཏིང་ཟབ་པས་ང་ཚོར་ཤེས་བྱ་མི་ཉུང་བ་ཞིག་འབྱོར། རེ་བ་ཡིན་ན་རྗེས་ཕྱོགས་ཀྱང་འདི་ལྟ་བུའི་ཟབ་སྦྱོང་ཐེངས་མང་སྤེལ་ནས་ཕན་ཚུན་བར་གྱི་འབྲེལ་འདྲིས་སློབ་སྦྱོང་བྱེད་པར་ཤུགས་སྣོན་དགོས་ཟེར།
     ཐེངས་འདིའི་ཟབ་སྦྱོང་བརྒྱུད་ནས་གཞི་རིམ་འདུམ་འགྲིག་མི་སྣའི་གཞུང་ལུགས་ཆུ་ཚད་དང་ལས་རིགས་ནུས་པ་ཇེ་མཐོར་སོང་བ་དང་མཉམ་དུ་གཞི་རིམ་ངལ་རྩོལ་པའི་རྩོད་གླེང་འདུམ་འགྲིག་བྱ་བའི་དྲིལ་སྒྲོག་ལ་ཤུགས་བསྣན་པ་དང་ངལ་རྩོལ་པའི་རྩོད་གླེང་འདུམ་འགྲིག་མི་སྣའི་སྤྱི་ཚོགས་ནུས་པ་ཇེ་དྲག་ཏུ་བཏང་ནས་རྒྱ་ཆེའི་འདུམ་འགྲིག་མི་སྣ་རྣམས་ལ་ངལ་རྩོལ་པའི་རྩོད་གླེང་ཐག་གཅོད་བྱེད་པའི་ཐབས་ལམ་ལ་རྒྱུས་ལོན་བྱེད་དུ་བཅུག་པ་དང་རིམ་བཞིན་ངལ་རྩོལ་པ་དང་མི་མཁོ་བའི་ལས་ཁུངས་ཀྱི་བཅའ་ཁྲིམས་འདུ་ཤེས་ཇེ་མཐོར་བཏང་ནས་རྩ་བའི་སྟེང་ནས་ངལ་རྩོལ་པའི་རྩོད་གླེང་ཇེ་ཉུང་དུ་བཏང་།


འབྲེལ་ཡོད་འོས་སྦྱོར།