ལྷ་ས་རུ་ཚན་རྩལ་གསར་གཏོད་ཆུང་གྲས་ཀྱི་འགྲན་བསྡུར་སྤེལ་བ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:བོད་ལྗོངས་འཕྲིན་དྲ།
དུས་ཚོད།:2015-09-25
ཀློག་གྲངས།:
ལྷ་སར་ཚན་རྩལ་གསར་གཏོད་ཆུང་གྲས་ཀྱི་འགྲན་བསྡུར་སྤེལ་བ།
ལྷ་སར་ཚན་རྩལ་གསར་གཏོད་ཆུང་གྲས་ཀྱི་འགྲན་བསྡུར་སྤེལ་བ།
ཉེ་ཆར། ལྷ་ས་གྲོང་ཁྱེར་གྱི་སྐབས་གསུམ་པའི་ཚན་རྩལ་གསར་གཏོད་ཆུང་གྲས་ཀྱི་འགྲན་བསྡུར་ལྷ་ས་ཅང་སུའུ་སློབ་འབྲིང་དུ་དཔྱད་འདེམས་ལེགས་འགྲུབ་བྱུང་བ་རེད།
ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དང་། ཅང་སུའུ་སློབ་འབྲིང་སོགས་སློབ་གྲྭ་ལྔའི་སློབ་མས་ཇུས་འགོད་ཞིབ་བཟོ་བྱས་པའི་གསར་གཏོད་ཆུང་གྲས་ཀྱི་བརྩམ་བྱ50ཙམ་ས་གནས་སུ་བཀྲམ་པ་དང་སྐར་གྲངས་དཔྱད་བསྡུར་བྱས་པ་བརྒྱུད། གསར་གཏོད་དང་ཉེར་སྤྱོད། མཛེས་ཉམས་སོགས་སྐར་གྲངས་དཔྱད་བསྡུར་གྱི་ཚད་གཞི་གཞིར་བཟུང་། སློབ་ཆུང་ཚོགས་ཆུང་དང་དམའ་འབྲིང་ཚོགས་ཆུང་གི་བྱ་དགའི་རྣམ་གྲངས་བདམས་པ་རེད།
འབྲེལ་ཡོད་འོས་སྦྱོར།