logo

མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་གི་སློབ་མ་ཉེར་དགུ་ལ་རོགས་སྐྱོར་ཐོབ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རྒྱང་སྒྲོག དུས་ཚོད།:2015-09-25 ཀློག་གྲངས།:
     ཉེ་ལམ། མཚོ་སྔོན་ཞིང་ཆེན་སྙིང་རྗེ་དང་བླངས་པའི་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་སྙིང་རྗེ་སྤྱིའི་མཐུན་ཚོགས་ཝུའུ་མཱ་བྱམས་བརྩེ་སྤྱི་ཕན་ཐེབས་རྩ་ཚོགས་པས་རྩ་འཛུགས་བྱས་ནས་དང་བླངས་མི་སྣ་མངགས་ཏེ་དཔའ་ལུང་རྫོང་སྟག་ལུང་ཞང་གླེ་སྡེ་བའི་སློབ་ཆུང་ལ་རོགས་སྐྱོར་བྱེད་པའི་བྱ་འགུལ་སྤེལ།
     གླེ་སྡེ་བའི་སློབ་ཆུང་དེ་སྟག་ལུང་ཞང་དང་སྤྱི་ལེ་བཅུ་ལྷག་གི་མཚམས་སུ་ཡོད་པ་དང་མཚོ་ངོས་ལས་མཐོ་ཚད་རྨིད3000ཡོད་ལ། བསྡོམས་པས་སློབ་མ29ཡོད། སློབ་གྲྭ་དེ་རི་མ་ན་ཡོད་པ་དང་འགྲིམ་འགྲུལ་སྟབས་བདེ་མིན་ལ། སློབ་གྲྭའི་ཆ་རྐྱེན་ཧ་ཅང་ཞན། སློབ་གྲྭར་རོགས་སྐྱོར་བྱེད་པའི་བྱ་འགུལ་ལ་བསྡོམས་པས་སྒོར་ཁྲི1ལྷག་གི་དངོས་རྫས་གྲབས་གསོག་བྱས་པ་དང་། དགེ་རྒན་གཉིས་ལ་དུས་ཆེན་གྱི་ལེགས་སྐྱེས་བྱིན་པ་དང་སློབ་གྲྭར་ཁྲོ་ཐབ་དང་ལྒང་ལི་དང་རྐང་རྩེད་སྤོ་ལོ། བྱ་སྒྲོའི་སྤོ་ལོ། ཐག་ལྡིང་སོགས་རྩལ་སྦྱོང་ཡོ་བྱེད་སྒྲིག་སྦྱོར་བྱས། དེ་མིན་ད་རུང་སློབ་མ་ཚོར་སློབ་ལྭ་དང་ལག་ཤུབས། སློབ་སྦྱོང་གི་མཁོ་ཆས་སོགས་ཕྱིན། དང་བླངས་པས་ད་རུང་སློབ་གྲོགས་རྣམས་དང་མཉམ་དུ་སྤྱི་འདུས་སློབ་ཁྲིད་དང་ཐག་ལྡིང་། རྐང་གྲུག བྱ་སྒྲོ་སྤོ་ལོ་སོགས་ཀྱི་སྐུལ་སྤེལ་བྱ་འགུལ་སྤེལ།


འབྲེལ་ཡོད་འོས་སྦྱོར།