logo

《འབྲོང》རྟགས་མའི་རྩོམ་རིག་བྱ་དགའ་སྐབས་གཉིས་པ་ཟི་ལིང་དུ་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-09-23 ཀློག་གྲངས།:
     ཉེ་སྔོན། མཚོ་སྔོན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་སྐབས་གཉིས་པའི《འབྲོང》རྟགས་མའི་བོད་ཀྱི་རྩོམ་རིག་བྱ་དགའི་དཔྱད་འབེབ་ཨུ་ཡོན་ལྷན་ཚོགས་རྩ་འཛུགས་གནང་སྟེ་ཡོངས་བསྒྲགས་དང་། དྲང་བདེན། འདྲ་མཉམ་བཅས་ཀྱི་རྩ་དོན་ལྟར། བྱ་དགའ་ཐོབ་པའི་རྩོམ་པ་པོ་དང་བརྩམས་ཆོས་བདམས་ཐོན་བྱུང་།
སྐབས་གཉིས་པའི《འབྲོང》རྟགས་མའི་བོད་ཀྱི་རྩོམ་རིག་བྱ་དགའ་ཐོབ་པ་གཤམ་གསལ་ལྟར།
སྒྲུང་རིང《དྲེལ་ལུང》(མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2014.12)། རྩོམ་པ་པོ་ཁོན་ཐར་རྒྱལ་ལ་མ་རྩོམ་བརྩམས་ཆོས་ཀྱི་བྱ་དགའ་ཐོབ།
བོད་རྒྱའི་ལོ་ཙཱའི་བརྩམས་ཆོས《བ་རེས་ཀྱི་ལྷུག་རྩོམ་ཕྱོགས་བསྒྲིགས》(རྩོམ་པ་པོའི་དཔེ་སྐྲུན་ཁང་། 2014.8)། རྩོམ་པ་པོ་འཕྲིན་ཁྱུང་ལ་ལོ་ཙཱའི་བྱ་དགའ་ཐོབ།
སྙན་ངག་ཕྱོགས་བསྒྲིགས《ཟླ་བའི་གཙང་བོ》(མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2013.12)། རྩོམ་པ་པོ་ཀླུ་བྱམས་རྒྱལ་ལ་མ་རྩོམ་བརྩམས་ཆོས་ཀྱི་བསྐོ་བཞག་བྱ་དགའ་ཐོབ།
སྙན་ངག་ཕྱོགས་བསྒྲིགས《ཟླ་བའི་རྨི་ལམ》(མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2012.12)། རྩོམ་པ་པོ་བད་མ་མཚོ་ལ་མ་རྩོམ་བརྩམས་ཆོས་ཀྱི་བསྐོ་བཞག་བྱ་དགའ་ཐོབ།
སྒྲུང་རིང《མར་ངོའི་ཟླ་བ》(མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2014.12)། རྩོམ་པ་པོ་ཚེ་རིང་བཀྲ་ཤིས་སམ་ཁྲི་སེམས་དཔའ་ལ་མ་རྩོམ་བརྩམས་ཆོས་ཀྱི་བསྐོ་བཞག་བྱ་དགའ་ཐོབ།


འབྲེལ་ཡོད་འོས་སྦྱོར།