logo

གཡང་ཚང་སྤྲོ་རའི་དྲ་བ་དངོས་སུ་ཚོད་གཏོང་བྱེད་ཐུབ་པ་བྱུང་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-09-10 ཀློག་གྲངས།:

གཡང་ཚང་སྤྲོ་རའི་དྲ་བ་དངོས་སུ་ཚོད་གཏོང་བྱེད་ཐུབ་བྱུང་བ།
གཡང་ཚང་སྤྲོ་རའི་དྲ་བ་དངོས་སུ་ཚོད་གཏོང་བྱས་པ།

     སྤྱི་ཟླ9བའི་ཚེས10ཉིན། གཡང་ཚང་སྤྲོ་རའི་དྲ་བ་དངོས་སུ་ཚོད་གཏོང་བྱས་ཤིང་། རྒྱ་ཆེའི་དྲ་གྲོགས་རྣམས་ཀྱིས་དྲ་བར་གཟིགས་བདེ་བའི་ཆེད་དུ་གློག་ཀླད་དང་ཁ་པར་གཉིས་སུ་འཚམ་པའི་པར་གཞི་བཀོད་སྒྲིག་བྱས་ཡོད་པས་ཁ་པར་ལས་ཀྱང་དྲ་བ་འདིའི་ནང་དོན་དག་ཀློག་པར་སྟབས་བདེ་བཟོས་ཡོད།
     མིག་སྔར་དྲ་ཚིགས་ཀྱི་ནང་དོན་ཐད་ནས་རྩོམ་རིགས་དང་། རྒྱུན་ཤེས། མཉེན་ཆས། སྨྱན་བྱད་བཅས་སྡེ་ཚན་བཞི་བཀོད་སྒྲིག་བྱས་ཡོད་ལ། རྒྱ་ཆེའི་རྩོམ་པ་པོ་དག་གིས་རྩོམ་ཡིག་འགོད་པར་སྟབས་བདེ་བཟོ་ཆེད་དྲ་བས་ཆེད་དུ་རྩོམ་ཡིག་སྤེལ་སའི་སྒེའུ་ཁུང་ཞིག་ཀྱང་བཀོད་སྒྲིག་བྱས་ཡོད་པས་རྩོམ་པ་པོ་དག་གིས་རྩོམ་ཡིག་སྤེལ་བ་ཞེས་པའི་སྒེའུ་ཁུང་རྒྱུད་ནས་ཐད་ཀར་རྩོམ་ཡིག་སྤེལ་ཆོག
     གཞན་ཁ་པར་ལས་དྲ་བ་འདིར་ཞུགས་ན་སྤྱི་སྟེགས་ལ་དོ་ཁུར་བྱས་རྗེས་སྤྱི་སྟེགས་ཀྱི་བདམ་བྱང་ལས་དྲ་ཚིགས་ལ་ཐད་ཀར་ཞུགས་ཆོག་པས་ཁ་པར་ལས་བཤེར་ཆས་སོགས་ཁ་འབྱེད་མི་དགོས་པར་སྟབས་ཧ་ཅང་བདེ་བས་སྤྱི་སྟེགས་ལ་དོ་ཁུར་བྱེད་རྒྱུ་མ་བརྗེད་ལགས།
 

འཕྲིན་ཕྲན་སྤྱི་སྟེགས་ཨང་གྲངས།

འབྲེལ་ཡོད་འོས་སྦྱོར།