logo

ཝང་དབྱི་ལུགས་ལྡན་རྒྱ་བོད་ཚིག་མཛོད་བཟོ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་ལྗོངས་གསར་འགྱུར་དྲ་བ། དུས་ཚོད།:2015-08-31 ཀློག་གྲངས།:
     ཉེ་ཆར། བོད་རང་སྐྱོང་ལྗོངས་ཏང་ཨུའི་དྲ་རྒྱ་ཆ་འཕྲིན་གཞུང་དོན་ཁང་དང་། པེ་ཅིང་གྲོང་ཁྱེར་དྲ་རྒྱ་ཆ་འཕྲིན་གཞུང་དོན་ཁང་། མི་རིགས་དཔེ་སྐྲུན་ཁང་། རྒྱལ་སའི་དྲ་རྒྱ་མཐུན་ཚོགས་བཅས་ཀྱིས་ལྷ་སར2015ལོ་འཁོར་གྱི་གསར་འགྱུར་དཔྱད་མོལ་ཚོགས་འདུ་ཐེངས་བཅུ་དགུ་བ(ཁྱོན་བསྡོམས་ཐེངས103)དང་ཝང་དབྱི་ལུགས་ལྡན་རྒྱ་བོད་ཚིག་མཛོད་བཟོ་བའི་བཞུགས་མོལ་ཚོགས་འདུ་ཚོགས་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། ཝང་དབྱི་ལུགས་ལྡན་རྒྱ་བོད་གློག་རྡུལ་ཚིག་མཛོད་ཀྱིས《རྒྱ་བོད་ཤན་སྦྱར་ཚིག་མཛོད》ལ་བརྟེན་ནས་ཁྱོན་བསྡོམས་ཚིག་འབྲུ་ཁྲི8ལྷག་ཙམ་བསྡུས་ཡོད་པ་དང་ད་བར་ཆེས་དབང་གྲགས་དང་འཕྱུགས་མེད་ཀྱི་དྲ་རྒྱའི་རྒྱ་བོད་རིག་ལྡན་ཕན་ཚུན་ཡིག་སྒྱུར་གྱི་ཚིག་མཛོད་ཅིག་ཡིན་ཞིང་། འདི་ལོའི་ཟླ4བའི་ཚེས15ཉིན་དངོས་སུ་ཚིག་མཛོད་འདོན་འགོ་ཚུགས་པ་དང་། ཟླ8པའི་ཚེས15ཉིན་བར་གྱི་དུས་ཐུང་ཟླ་བཞིའི་ནང་རྒྱ་བོད་སྐད་ཡིག་ཕན་ཚུན་ཡིག་སྒྱུར་གྱི་ནུས་པ་ལྡན་པའི་ཚིག་མཛོདiphoneཔར་མ་ཕབ་ལེན་དང་འབྲེལ། སྒྲིག་སྦྱོར་བྱེད་མཁན་ཁྲི500ལས་བརྒལ་བ་དང་ཆ་སྙོམས་ཉིན་ལྟར་མི་ཁྲི1.2གིས་རྒྱ་བོད་སྐད་ཡིག་ཕན་ཚུན་ཡིག་སྒྱུར་གྱི་ཚིག་མཛོད་སྤྱོད་ཀྱི་ཡོད། ཚིག་མཛོད་དེ་བཏོན་པའི་ཉིན་གསུམ་པར་བོད་ཡིག་ཚིག་མཛོད་ནུས་པའི་དྲིལ་བསྒྲགས་པར་མར་ལྟ་མཁན་མི་ཐེངས་ཁྲི160ལས་བརྒལ་བ་དང་བོད་ཡིག་དཔྱད་གཏམ་སྤྱོད་མཁན80%ཟིན་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།