ནག་ཆུ་ས་ཁུལ་གྱི་འཛམ་གླིང་གཟུགས་འདས་རིག་གནས་ཤུལ་བཞག་གི་གེ་སར་སྒྲུང་མཁན་སྦྱོར་བརྡར་འཛིན་གྲྭ་བསྡུས།
སྐབས་དང་པོའི་ནག་ཆུ་ས་ཁུལ་གྱི་འཛམ་གླིང་གཟུགས་འདས་རིག་གནས་
ཤུལ་བཞག་གི་གེ་སར་སྒྲུང་མཁན་སྦྱོར་བརྡར་འཛིན་གྲྭ་བསྡུས།
ཐེངས་འདིའི་འཛིན་གྲྭ་རུ་ལོ་ན་ཆེས་ཆེ་བའི་སློབ་མ། ལོ60ཡིན།
ནག་ཆུ་ས་ཁུལ་གྱི་གེ་སར་སྒྲུང་བ།
སྤྱི་ཟླ7པའི་ཚེས7ཉིན། སྐབས་དང་པོའི་ནག་ཆུ་ས་ཁུལ་གྱི་འཛམ་གླིང་གཟུགས་འདས་རིག་གནས་ཤུལ་བཞག་གི་གེ་སར་སྒྲུང་མཁན་སྦྱོར་བརྡར་འཛིན་གྲྭ་དེ་བོད་ལྗོངས་མི་རིགས་གསོལ་མགྲོན་ཁང་དུ་བསྡུས་ཤིང་། རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ཉིན12ལ་སྤེལ་རྒྱུ་ཡིན་པ་དང་། རྒྱལ་ཡོངས་ཀྱི་གེ་སར་གཞུང་སྒྲུབ་ཁང་དང་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་ཚན་རིག་གླིང་། རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་སོགས་ཀྱི་ཆེད་མཁས་པ6གིས་གེ་སར་རྒྱུན་འཛིན་པར་སློབ་ཁྲིད་གནང་བ་རེད།
《གེ་སར》ནི་འཛམ་གླིང་སྟེང་ཆེས་རིང་བའི་ལོ་རྒྱུས་སྙན་རྩོམ་རིང་མོ་ཞིག་ཡིན་པ་དང་། བོད་མི་རིགས་ཀྱི་རིག་གནས་ཀྱི་ཀུན་བཏུས་ཆེན་མོ་ཞིག་ཡིན། དམངས་ཁྲོད་སྒྲུང་བས་སྒྲུང་བཤད་པར་བརྒྱུད་དེ་ཀྲུང་གོའི་མདོ་དབུས་མཐོ་སྒང་དུ་ལོ་ངོ་སྟོང་ཕྲག་འགར་རྒྱུན་འཛིན་བྱས་ལ། འཛམ་གླིང་རིག་གནས་ནོར་མཛོད་ཁྲོད་འོད་སྟོང་འབར་གྱི་ཡོད།
ནག་ཆུ་ནི་བོད་ལྗོངས་གེ་སར་སྒྲུང་བ་འདུས་སའི་ས་ཁུལ་ཞིག་ཡིན་ཞིང་། 2014ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་རིམ་པའི་རིག་གནས་ཤུལ་བཞག་རྒྱུན་འཛིན་པར་གཏན་འཁེལ་གནང་བ་དང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་རྒྱལ་ཡོངས་གེ་སར་མཐུན་སྦྱོར་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་གླིང་གེ་སར་སྒྱུ་རྩལ་པའི་ཕ་ས་ཞེས་མཚན་བཟང་གནང་། མིག་སྔར་རྒྱལ་ཁབ་རིམ་པའི་གེ་སར་སྒྲུང་བ2དང་། རང་སྐྱོང་ལྗོངས་རིམ་པའི་གེ་སར་སྒྲུང་བ7། ས་ཁུལ་རིམ་པའི་གེ་སར་སྒྲུང་བ71བཅས་ཡོད།