2015ལོའི་པེ་ཅིན་ཀྲུང་གོའི་ཐང་ག་རིག་གནས་སྒྱུ་རྩལ་བགྲོ་གླེང་དང་ཐང་གའི་ཆེད་དོན་འགྲེམ་སྤེལ་གནང་བ།
2015ལོའི་པེ་ཅིན་ཀྲུང་གོའི་ཐང་ག་རིག་གནས་སྒྱུ་རྩལ་བགྲོ་གླེང་དང་ཐང་གའི་ཆེད་དོན་འགྲེམ་སྤེལ་གནང་བ།
ཚེ་དཔག་མེད།
སྤྱི་ཟླ7པའི་ཚེས4ཉིན། གངས་ལྗོངས་བསྐལ་བ་བཟང་པོ། ལྷ་རིས་དགེ་ལེགས་འབྱུང་གནས་ཞེས་པའི2015ལོའི་པེ་ཅིང་ཀྲུང་གོའི་ཐང་ག་རིག་གནས་སྒྱུ་རྩལ་བགྲོ་གླེང་དང་ཐང་གའི་ཆེད་དོན་འགྲེམ་སྤེལ་སྐབས་གཉིས་པ་དེ་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ་བསྡུས་ཤིང་། དུས་མཚུངས་སུ་ཐང་གའི་རིག་གནས་ཞིབ་འཇུག་གི་ཆེད་དཔེ14འགྲེམ་སྤེལ་གནང་བ་དང་། ཐང་གའི་ན་གཞོན་ལྷ་རིས་པ་གསོ་སྐྱོང་འཆར་འགོད་ཟུང་ལྔའི་བཟོ་བཀོད་ཀྱང་སྤེལ།
ཐེངས་འདིའི་བགྲོ་གླེང་ནི་བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་རྒྱུན་འཛིན་དང་། སྒོས་སུ་བོད་ཀྱི་རིག་གནས་ཀྱི་མཚོན་བྱེད་ཅན་ཏེ་ཐང་ག་ལ་ཁ་གཏད་དེ་རྒྱལ་ཁབ་ཀྱི་ཐང་ག་ལས་རིགས་ཀྱི་ཚད་གཞི་བཟོ་བ་མ་ཟད། རྒྱལ་ནང་གི་ཆེད་མཁས་པ་དང་ཤེས་ཡོན་པ། ཐང་གའི་ལྷ་རིས་པ་རྣམས་ཀྱིས་ཐང་གའི་སྒྱུ་རྩལ་ཐད་ཀྱི་རྒྱུན་འཛིན་དང་སྲུང་སྐྱོབ། གསར་སྐྲུན་དང་འཕེལ་རྒྱས་ཕྱོགས་སུ་གཏིང་ཟབ་པར་བགྲོ་གླེང་བྱེད་པའི་སྟེགས་བུ་བསྐྲུན།
ཀྲུང་གོའི་ཐང་ག་ཞིབ་འཇུག་ལྟེ་གནས་ནི་ཀྲུང་གོའི་ཧྭ་ཤ་རིག་གནས་ཤུལ་བཞག་ཐེབས་རྩ་ཚོགས་པ་དང་། རིག་གནས་པུའུ་གུན་ཝང་ཧྥུ་དོ་དམ་ལྟེ་གནས་ཀྱིས་བློ་བཏོན་པ་དང་། རིག་གནས་པུའུ་ཡིས་ཆོག་མཆན་གནང་སྟེ་བཙུགས་པའི་ཀྲུང་གོའི་ཐང་གའི་རིག་གནས་ཞིབ་འཇུག་བྱེད་པའི་ལས་ཁུངས་ཤིག་ཡིན།