logo

བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགེ་བཤེས་ལྷ་རམས་པའི་མཚན་གནས་ལེན་པའི་དབྱར་རྒྱུགས་བླངས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་ལྗོངས་གསར་འགྱུར་དྲ་བ། དུས་ཚོད།:2015-07-07 ཀློག་གྲངས།:
     བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རང་སྐྱོང་ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་སོགས་འབྲེལ་ཡོད་སྡེ་ཚན་གྱི་མཛུབ་ཁྲིད་ཞིབ་ཚགས་འོག་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་ཚོགས་རས་སྒྲིག་འཛུགས་བྱས་ནས་སྤེལ་བའི་2016ལོའི་ལོ་འཁོར་གྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དཔེ་ཆ་བས་དགེ་བཤེས་ལྷ་རམས་པའི་མཚན་གནས་ལེན་པའི་དབྱར་རྒྱུགས་ཟླ་6ཚེས་23ཉིན་ནས་ཚེས་28ཉིན་བར་སེ་ར་དགོན་དུ་བཏང་བ་རེད། ལྷ་སའི་སེ་ར་དགོན་དང་། འབྲས་སྤུངས་དགོན། དགའ་ལྡན་དགོན། གཙུག་ལག་ཁང་། གཞིས་རྩེའི་བཀྲས་ལྷུན་དགོན། ཆབ་མདོ་བྱམས་པ་གླིང་དགོན། དབྱེན་འདུམ་དགོན། བྱམས་མདུན་དགོན། དཔའ་ཤོད་དགོན། ནག་ཆུའི་རོང་ཕུ་རབ་བརྟན་དགོན། ཆོས་འཁོར་དགོན་བཅས་ནས་ཡིན་པའི་དཔེ་ཆ་བ11དང་། དཔྱད་འཇོག་ཨུ་ལྷན་གྱི་ཁོངས་མི30དྲི་བ་འདོན་མཁན་གྲྭ་དམངས་320བཅས་ཞུགས་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོའི་ལོ་འཁོར་གྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དཔེ་ཆ་བས་དགེ་བཤེས་ལྷ་རམས་པའི་མཚན་གནས་ལེན་པའི་དབྱར་རྒྱུགས་ནང་མཚན་ཉིད་རྩོད་པ་དང་ཆབ་སྲིད་རིག་གནས་རྒྱུགས་ལེན་གཉིས་སུ་དབྱེ་ཡོད། དཔྱད་འཇོག་ཨུ་ལྷན་གྱིས་རྒྱུགས་ལེན་ལྟ་སྐུལ་བྱེད་འགན་འཁུར་བ་དང་འབྲེལ་དཔེ་ཆ་བ11གི་རྒྱུགས་ལེན་ཚུལ་དང་རིག་གནས་རྒྱུགས་ལེན་གྱི་སྦྱངས་འབྲས་གཞིར་བཟུང་ཡོངས་བསྒྲགས་དང་། འདྲ་མཉམ། དྲང་བཞག་གི་རྩ་དོན་ཐོག་ནས་ཡོངས་བསྒྲགས་ངང་སྐར་མ་བརྒྱབ་མཐར2016ལོའི་ལོ་འཁོར་གྱི་དམ་བཅའ་འཇོག་པ་དང་ལག་ཁྱེར་སྤྲོད་པའི་དཔེ་ཆ་བའི་མིང་རིམ་གཏན་འཁེལ་བྱེད་ཀྱི་ཡོད།


འབྲེལ་ཡོད་འོས་སྦྱོར།