མཚོ་སྔོན་ཞིང་ཆེན་གྱི་མི་རིགས་སྐད་ཡིག་ལོ་ཙཱ་དང་མི་རིགས་སྐད་ཡིག་དོ་དམ་མི་སྣའི་ཟབ་སྦྱོང་འཛིན་གྲྭ་བསྡུས།
མཚོ་སྔོན་ཞིང་ཆེན་གྱི་མི་རིགས་སྐད་ཡིག་ལོ་ཙཱ་དང་མི་རིགས་སྐད་ཡིག་དོ་དམ་མི་སྣའི་ཟབ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་བསྡུས།
རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་སྲིད་ཇུས་ཞིབ་འཇུག་ཁང་གི་འགོ་གཙོ་གཞོན་པ།
ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་
གཞོན་པ་ཕོའུ་ཡོང་རི་ཡིས་སློབ་ཁྲིད་བྱེད་བཞིན་པ།
མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སངས་རྒྱས་ཀྱིས་སློབ་ཁྲིད་བྱེད་བཞིནཔ།
མཚོ་སྔོན་ཞིང་ཆེན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་གཙོ་གཞོན་པ་བོའུ་མི་ཏན་གྱིས་སློབ་ཁྲིད་བྱེད་བཞིན་པ།
ཡུལ་དངོས་ཀྱི་ཟུར་ཞིག
སྤྱི་ཟླ6པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུུབ་དང་། མཚོ་སྔོན་ཉེན་རྟོག་ལས་རིགས་སློབ་གླིང་གིས་འགན་སྒྲུབ་གནང་བའི་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་སྐད་ཡིག་ལོ་ཙཱ་དང་མི་རིགས་སྐད་ཡིག་དོ་དམ་མི་སྣའི་ཟབ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་ཟི་ལིང་དུ་བསྡུས། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་གཞོན་པ་ཁྲིན་ཏུང་ཁྲང་ཚོགས་འདུར་ཞུགས་ཏེ་གཏམ་བཤད་གནང་ལ། མཚོ་སྔོན་ཉེན་རྟོག་སློབ་གླིང་གི་ཏང་ཨུ་ཧྲུའུ་ཅི་གཞོན་པ། གླིང་གཙོ་གཞོན་པ་ཙའོ་ཡན་ཚོགས་འདུར་ཞུགས། ཞིང་ཆེན་གྱི་འབྲེལ་ཡོད་ལོས་ཁུངས་དང་། མཚོ་ཤར་གྲོང་ཁྱེར། རང་སྐྱོང་ཁུལ་དྲུག དེ་མིན་འབྲེལ་ཡོད་རྫོང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་བཅས་ཀྱི་མི་རིགས་སྐད་ཡིག་བྱ་སྒྲུབ་པ་དང་། ལོ་ཙཱ་བ་སོགས་བསྡོམས་པས་མི60ཐེངས་འདིའི་ཟབ་སྦྱོང་ལ་ཞུགས།
ཁྲིན་ཏུང་ཁྲང་གིས་བསྟན་དོན། མི་རིགས་སྐད་ཡིག་བྱ་བ་ནི་མི་རིགས་བྱ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ཞིང་ཆེན་ཡོངས་ཀྱི་མི་རིགས་སྐད་ཡིག་བྱ་སྒྲུབ་པས་གཅིག་ནས་གྲུབ་འབྲས་ལ་དོ་སྣང་བྱེད་པ་དང་། མགྱོགས་མྱུར་སྒོས་ཕྱོགས་ཡོངས་ནས་མི་རིགས་གཞན་གྱི་སྔོན་ཐོན་དཔལ་ཡོན་གྱི་འབྲས་བུ་ཚུར་ལེན་བྱེད་དགོས། གཉིས་ནས་ཡིག་སྒྱུར་སྔར་ལས་ཚད་ལྡན་དུ་གཏོང་བ་དང་། གང་ནུས་སྒོས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུ་སྒྲུབ་པ། གསུམ་ནས་གོ་སྐབས་དམ་འཛིན་སྒོས་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས།
2015ལོའི་ཟླ5བའི་ཚེས5ཉིན། རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་སྐད་གཉིས་མི་སྣའི་ཟབ་སྦྱོང་གནས་གཞིའི་སྒོ་བྱང་དེ་མཚོ་སྔོན་ཉེན་རྟོག་ལས་རིགས་སློང་གླིང་ནས་དངོས་སུ་བཀལ་ཞིང་། སྐབས་འདིའི་ཟབ་སྦྱོང་འཛིན་གྲྭ་ནི་སྒོ་བྱང་བཀལ་བའི་རྗེས་སུ་ཐོག་དང་པོར་བསྒྲུབས་པའི་མི་རིགས་སྐད་ཡིག་ལོ་ཙཱ་བའི་ཟབ་སྦྱོང་འཛིན་གྲྭ་ཡིན་ལ། ཟབ་སྦྱོང་དུས་ཡུན་ནི་ཉིན8ཡིན། འདིར་རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་ཉེན་རྟོག་ལས་རིགས་སློབ་གླིང་བཅས་ཀྱི་འབྲེལ་ཡོད་དགེ་རྒན་ཆེན་མོ་དང་འགོ་ཁྲིད་རྣམ་པས་སློབ་ཁྲིད་གནང་། སློབ་ཁྲིད་ཀྱི་ནང་དོན་ནི་མི་རིགས་ཀྱི་གཞུང་ལུགས་སྲིད་ཇུས་དང་། མི་རིགས་ཀྱི་སྐད་ཡིག་སྲིད་ཇུས་དང་ཁྲིམས་སྲོལ། མི་རིགས་སྐད་ཡིག་ལོ་ཙཱའི་གཞུང་ལུགས་དང་ལག་ལེན་སོགས་ཡིན། དེ་མིན་སེམས་ཁམས་རིག་པ་དང་། ལུས་རྩལ་སྦྱོང་བརྡར་སོགས་ཀྱི་འབྲེལ་ཡོད་བྱ་འགུལ་སྤེལ།