logo

གཅན་ཚ་རྫོང་གིས་ལས་ཁུངས་ཀྱི་ལས་བྱེད་པར་བོད་སྐད་ཁ་སྐད་ཟབ་སྦྱོང་འཛིན་གྲྭ་བསྡུས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་སྲིད་གཞུང་དྲ་བ། དུས་ཚོད།:2015-06-28 ཀློག་གྲངས།:
     བོད་ཁུལ་གྱི་མི་རིགས་གཞན་པའི་ལས་བྱེད་པས་བོད་རིགས་ཀྱི་སྐད་ཆ་བཀོལ་སྤྱོད་བྱས་ཏེ། ས་གནས་མི་དམངས་མང་ཚོགས་ལ་ཞབས་འདེགས་སྒྲུབ་པའི་ནུས་པ་སྔར་ལས་ཇེ་མཐོར་གཏོང་ཆེད། ཉེ་སྔོན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གིས་ལས་ཁུངས་ཀྱི་ལས་བྱེད་པར་བོད་སྐད་ཁ་སྐད་ཟབ་སྦྱོང་འཛིན་གྲྭ་སྐབས་དང་པོ་བསྒྲུབས།
     ཐེངས་འདིའི་ཟབ་སྦྱོང་ཉིན་སུམ་ཅུའི་རིང་བསྒྲུབ་རྒྱུ་ཡིན་པ་དང་། རྫོང་ཐད་གཏོགས་ལས་ཁུངས་སོ་སོའི་ལོ་ཞེ་ལྔའི་མན་གྱི་ལས་བྱེད་པ་ཚོར་དགོང་མོའི་དུས་ཚོད་བེད་སྤྱད་དེ་ཟབ་སྦྱོང་སྤེལ་གྱིན་ཡོད་ཅིང་། ཟབ་སྦྱོང་གི་བསླབ་དེབ་ནི《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱུན་སྤྱོད་ཨམ་སྐད་ཁ་བརྡའི་ཚན་པ་དགུ་བརྒྱ》གཙོར་བཟུང་ཡོད་ལ། ཨ་མདོའི་ཁ་སྐད་ལ་གཞོལ་བའི་རྒྱུན་སྤྱོད་སྐད་ཆ་གཙོ་གནད་དུ་བཟུང་ནས་སློབ་སྦྱོང་བྱེད་ཀྱིན་ཡོད། ཟབ་སྦྱོང་མཇུག་རྫོགས་མ་ཐག  རྫོང་ཏང་ཨུ་དང་ཏང་གི་སློབ་གྲྭ་གཉིས་ཀྱིས་ཟབ་སྦྱོང་འཛིན་གྲྭར་ཡིག་རྒྱུགས་ལེན་རྒྱུ་ཡིན་པར་མ་ཟད། ད་དུང་ལས་བྱེད་པས་བོད་ཡིག་བོད་སྐད་ལ་སློབ་སྦྱོང་བྱས་པའི་ཡིག་ཚགས་ཁང་ཞིག་ཀྱང་འཛུགས་སྐྲུན་བྱེད་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།