logo

རྒྱལ་ཡོངས་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མའི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས།

རྩོམ་པ་པོ།:སྟོབས་ལྡན་རྒྱལ་དང་ལྷ་མོ་ཚེ་རིང ཡོང་ཁུངས།:མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ། དུས་ཚོད།:2015-06-27 ཀློག་གྲངས།:

མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཟླ་བས་ཚོགས་འདུར་མགོ་འཛིན་མཛད་བཞིན་པ།
རྒྱལ་ཡོངས་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མའི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས།


མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཟླ་བས་ཚོགས་འདུར་མགོ་འཛིན་མཛད་པ།


འབུམ་རམས་པ་རྣམས་ཀྱིས་གཏམ་བཤད་སྤེལ་བ།


ཡུལ་དངོས་ཀྱི་ཟུར་ཞིག

     སྤྱི་ཟླ6པའི་ཚེས20ཉིན་གྱི་སྔ་དྲོར། མཚོ་སྔོན་མི་རིགས་སློབ་ཆེན་དུ་རྒྱལ་ཡོངས་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མའི་རིག་གཞུང་བགྲོ་གླེང་སྐབས་དང་པོ་བསྡུས་ཤིང་། ཚོགས་ཐོག་ཏུ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་མཱ་བེ་ཧྲིན་དང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མའི་སྡེ་ཁག་གི་ཀྲུའུ་རིན། དགེ་རྒན་ཆེན་མོ་ཁྲིན་བུན་ལེ།  ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གླིང་གཙོ་གཞོན་པ།  དགེ་རྒན་ཆེན་མོ་པདྨ་དབང་ཆེན། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་བོད་སྐད་ཡིག་སྡེ་ཁག་གི་ཧྲུའུ་ཅི།  དགེ་རྒན་ཆེན་མོ་རིན་ཆེན་ནོར་བུ། མཚོ་སྔོན་སློབ་ཆེན་གསོ་རིག་སློབ་གླིང་བོད་སྨན་སྡེ་ཁག་གི་ཀྲུའུ་རིན་གཞོན་པ། དགེ་རྒན་ཆེན་མོ་བསམ་འགྲུབ་རྒྱལ། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་ཧྲུའུ་ཅི། དགེ་རྒན་ཆེན་མོ་མ་ཎི་འབུམ་སོགས་ཞུགས་ཡོད་ལ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་དགེ་རྒན་ཆེན་མོ་མཱ་བེ་ཧྲིན་གྱིས་བགྲོ་གླེང་མཛད་སྒོར་ཤིས་ཚིག་ཕུལ་ཞིང་། དགེ་རྒན་ཆེན་མོ་ཟླ་བས་མགོ་འཛིན་བྱས། གཞན་ཡང་། རེབ་འདིའི་རིག་གཞུང་བགྲོ་གླེང་སྟེང་དུ་ཀྲུང་དབྱང་མི་རིགས་སློབ་ཆེན་དང་། ལྷོ་ནུབ་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། བོད་ལྗོངས་སློབ་ཆེན། མཚོ་སྔོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་དགེ་ཐོན་སློབ་ཆེན་བཅས་བསྡོམས་པས་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་ཆེན་བདུན་གྱི་འཐུས་ཚབ་ཞིབ་འཇུག་སློབ་མ37ལྷག་ཞུགས་ཡོད།
     ཐེངས་འདིའི་བགྲོ་གླེང་ཁྲོད།  རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་ཆེན་སོ་སོ་ནས་ཡོང་བའི་འཐུས་ཚབ་པས་བོད་ཀྱི་རིག་གཞུང་སྤྱི་དང་བྱེ་བྲག་ཏུ་བརྡ་སྤྲོད་དང་དག་ཡིག་གི་སྐོར། ཚད་མ་རིག་པའི་སྐོར། ཆོས་ལུགས་ཀྱི་སྐོར། གསོ་བ་རིག་པའི་སྐོར། ལོ་རྒྱུས་ཀྱི་སྐོར་བཅས་ནས་བགྲོ་གླེང་བྱས།
     རེབ་འདིའི་བགྲོ་གླེང་འདི་ནི་རྒྱལ་ཡོངས་ཀྱི་སློབ་ཆེན་སོ་སོ་ན་སློབ་གཉེར་བྱེད་བཞིན་པའི་བོད་ཀྱི་ཞིབ་འཇུག་སློབ་མ་ཚོས་ཕན་ཚུན་བར་བསམ་བློ་བརྗེ་རེས་དང་། ཕན་ཚུན་ལ་སློབ་སྦྱོང་།  རིག་གཞུང་ཞིབ་འཇུག་ཐད་ཕན་ཚུན་ལ་ཁ་གསབ། བོད་ཀྱི་གཞོན་སྐྱེས་ཤེས་ཡོན་པ་ཚོའི་ནུས་པ་སྔོག་འདོན། གསར་གཏོད་ཀྱི་བློ་གྲོས་མཐོར་འདེགས།  རྣམ་དཔྱོད་ཀྱི་སྙིང་སྟོབས་མངོན་སའི་སྟེགས་བུ་ཆེན་པོ་ཞིག་ཡིན་ལ། རྒྱལ་ཡོངས་མཐོ་རིམ་སློབ་ཆེན་དག་གི་སློབ་མའི་སློབ་སྦྱོང་གི་མཁའ་དབུགས་ཇེ་ལེགས་སུ་གཏོང་བ་དང་། བོད་ཀྱི་རིག་གཞུང་རྒྱུད་འཛིན་དང་དར་སྤེལ་གཏོང་བར་དོན་སྙིང་གལ་ཆེན་ལྡན།


འབྲེལ་ཡོད་འོས་སྦྱོར།