logo

མཚོ་སྔོན་ཞིང་ཆེན་གྱིས་སློབ་གྲྭ་ཆེན་མོ་བའི་སྡེ་དཔོན་འདེམ་པའི་བྱ་བ་སྤེལ་མགོ་བརྩམས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ། དུས་ཚོད།:2015-06-27 ཀློག་གྲངས།:
     ད་ལོར། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་ནོར་སྲིད་ཐིན་དང་མཉམ་འབྲེལ་བྱས་ནས། སྐྱེ་ཁུངས་མཚོ་སྔོན་ཡིན་པའི་དངོས་གཞི་མཐར་ཕྱིན་སློབ་མ་དང་མཐར་ཕྱིན་ནས་ལོ་གཅིག་ནས་ལོ་གཉིས་འགོར་བའི་སློབ་མའི་ཁྲོད་ནས། སློབ་གྲྭ་ཆེན་མོ་སྡེ་དཔོན་དང་ཞིང་སྡེ་གཞི་རིམ་དུ་སོང་ནས་ཞིང་ལས་དང་སློབ་གསོ། སྨན་བཅོས། དབུལ་སྐྱོར་ཐད་རོགས་སྐྱོར་བྱེད་པའི་མཐོ་རིམ་སློབ་ཆེན་གྱི་སློབ་མ750གདམ་གསེས་དང་གདན་ཞུ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོའི་རྫོང་རིམ་པའི་མན་གྱི་ཞང་དང་གྲོང་བརྡལ་གྱི་གཞི་རིམ་ལས་ཁུངས་སུ་མངགས་ནས་ཞབས་འདེགས་ཞུ་རྒྱུ་རེད།
    ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་ཞིང་སྡེ་གཞི་རིམ་དུ་སོང་ནས་ཞིང་ལས་དང་སློབ་གསོ། སྨན་བཅོས། དབུལ་སྐྱོར་ཐད་རོགས་སྐྱོར་བྱེད་པའི་མཐོ་རིམ་སློབ་ཆེན་གྱི་སློབ་མ400འདེམ་གསེས་བྱས་ཏེ་གཞི་རིམ་གྱི་ཞང་དང་གྲོང་བརྡལ་གྱི་སློབ་གྲྭ་ཆུང་འབྲིང་དང་། ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུ་སྡེ་ཁག སྨན་བཅོས་འཕྲོད་བསྟེན་སྡེ་ཁག  དབུལ་སྐྱོར་སྡེ་ཁག ཞིང་སྡེའི་རིག་གནས་ཞབས་ཞུ་སྡེ་ཁག ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གཞི་རིམ་ཞབས་ཞུ་སྡེ་ཁག་བཅས་སུ་མངགས་ནས་ཞབས་འདེགས་ཞུ་རྒྱུ་ཡིན་པ་དང་། ཞབས་འདེགས་ཞུ་བའི་དུས་ཡུན་ནི་ལོ་གཉིས་རེད། ད་དུང་སློབ་གྲྭ་ཆེན་མོ་སྡེ་དཔོན350བདམས་ནས་ཞིང་སྡེ་རུ་མངགས་ཏེ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་ལས་རོགས་པ་དང་ཡང་ན་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་ལས་རོགས་པའི་འགན་ཁུར་རྒྱུ་ཡིན་པ་དང་། ཞབས་ཞུའི་དུས་ཡུན་ནི་ལོ་གསུམ་རེད།
     འདེམ་བསྐོ་དང་གདན་ཞུ་བྱ་བ་དེ་ཟླ6པའི་ཚེས18ཉིན་མགོ་བརྩམས་པ་དང་། དྲིལ་སྒྲོག་སྐུལ་སློང་དང་དྲ་ཐོག་མིང་འགོད། ཐོང་ཐང་ཞིབ་བཤེར། ཡིག་རྒྱུགས་དང་ཁ་རྒྱུགས། ལུས་ཕུང་བརྟག་དཔྱད། དཔྱད་ཞིབ། མངག་གཏོང་བྱེད་པའི་གོ་རིམ་ལྟར་སྤེལ་རྒྱུ་ཡིན་ལ། དྲ་ཐོག་ནས་མིང་བཀོད་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་དྲ་ཐོག་གི་ཐོབ་ཐང་ཞིབ་བཤེར་བྱས་ནས་གཏན་ཁེལ་བྱས་པའི་ཐོག་འདེམ་མི་སྣར། ཡིག་རྒྱུགས་དང་ཁ་རྒྱུགས། ཕྱིར་བསྒྲགས། ལུས་ཕུང་བརྟག་དཔྱད། དཔྱད་ཞིབ་སོགས་ཀྱི་དོན་ཚན་བརྒྱུད་དེ་བདམས་ཐོན་བྱུང་རྗེས། ཟླ8པའི་ཚེས20ཉིན་གྱི་སྔོན་དུ་ཡོངས་རྫོགས་ལས་གནས་སྟེང་མངག་གཏོང་བྱ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།