མཚོ་ལྷོ་ཁུལ་ཨ་མདོའི་བོད་ཀྱི་གཙགས་དྲུབ་ལས་རིགས་སློབ་གྲྭའི་གསོ་སྦྱོང་བྱ་བར་གྲུབ་འབྲས་མངོན་གསལ་ལྡན་པ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-06-25
ཀློག་གྲངས།:
མཚོ་ལྷོ་ཁུལ་ཨ་མདོའི་བོད་ཀྱི་གཙགས་དྲུབ་ལས་རིགས་སློབ་གྲྭའི་
གསོ་སྦྱོང་བྱ་བར་གྲུབ་འབྲས་མངོན་གསལ་ལྡན་པ།
མཚོ་ལྷོ་ཁུལ་ཨ་མདོའི་བོད་ཀྱི་གཙགས་དྲུབ་ལས་རིགས་སློབ་གྲྭའི་
གསོ་སྦྱོང་བྱ་བར་གྲུབ་འབྲས་མངོན་གསལ་ལྡན་པ།
གསོ་སྦྱོང་བྱ་བར་དབུལ་སྐྱོར་སྡེ་ཁག་གིས་རྒྱབ་སྐྱོར་ཆེན་པོ་གནང་བས་བྱ་བ་སོ་སོ་བདེ་བླག་ངང་སྤེལ་བ་དང་། གསོ་སྦྱོང་ལ་ཞུགས་པའི་མི་སྣའི་ལས་ཞུགས་བྱེད་ཚད་དེ80%ཡན་ཟིན། ད་སྔའི་བར་གསོ་སྦྱོང་བྱ་བ་དེ་མཚོ་ལྷོ་ཁུལ་གྱི་རྫོང3དང་གྲོང་རྡལ5། སྡེ་བ6ལ་ཁྱབ་པ་སྟེ། ཁྲི་ཀ་རྫོང་གི་ཀ་རིང་ཡུལ་ཚོའི་ཚེ་འགུ་སྡེ་བ་དང་། ཀབ་རོན་གཞུང་ཡུལ་ཚོའི་ཁ་སྒང་གོང་མ། ཆུ་ནུབ་གྲོང་རྡལ་གྱི་ཆུ་ཁོལ་ཁྲེ་ཙེ་གོང་མ། གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་གྱི་ཟོར་རྒྱལ་སྡེ་བ། བྲག་དཀར་རྫོང་ཆུ་སྔོན་གྲོང་རྡལ་འབྲས་ཐང་སྡེ་བ་དང་ཐོན་ཅེ་སྡེ་བ་བཅས་ཡིན་པ་དང་། སྔ་གཞུག་ཏུ་བསྡོམས་པས་གསོ་སྦྱོང་མ་དངུལ་སྒོར436800བཏང་།
འབྲེལ་ཡོད་འོས་སྦྱོར།