མཚོ་ལྷོ་ལས་རིགས་སློབ་གསོའི2015ལོའི“ལྷ་སའི་འཆར་བཀོད”དང“གཙང་གསུམ་འཆར་བཀོད”ཀྱི་སློབ་མ་བསྡུ་རྒྱུ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-05-22
ཀློག་གྲངས།:
མཚོ་ལྷོ་ལས་རིགས་སློབ་གསོའི2015ལོའི“ལྷ་སའི་འཆར་བཀོད”དང“གཙང་གསུམ་འཆར་བཀོད”ཀྱི་སློབ་མ་བསྡུ་རྒྱུའི་བརྡ་སྦྱོར།
རྒྱལ་ཁབ་སློབ་གསོ་པུའུ་དང་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས2015ལོའི་ལས་རིགས་སློབ་གསོའི་སློབ་མ་བསྡུ་ལེན་བྱེད་ཚུལ་གྱི་ཡིག་ཆའི་དགོངས་དོན་ལྟར། ད་ལོ་མཚོ་ལྷོ་ས་ཁུལ་ནས“ལྷ་སའི་འཆར་བཀོད”དང“གཙང་གསུམ་འཆར་བཀོད”ཀྱི་ནང་ལོག་ས་ཁུལ་ལ་ལས་རིགས་སློབ་གསོའི་སློབ་མ་བསྡུ་ལེན་བྱེད་པའི་ལས་མགོ་བརྩམས།གཅིག སློབ་མ་བསྡུ་གྲངས།
༡ “ལྷ་སའི་འཆར་བཀོད”ཀྱི་སློབ་མ179བསྡུ་རྒྱུ།
༢ “གཙང་གསུམ་འཆར་བཀོད”ཀྱི་སློབ་མ121བསྡུ་རྒྱུ།
གཉིས། སློབ་ཡོན་སོགས་ཀྱི་གནས་ཚུལ།
༡ “ལྷ་སའི་འཆར་བཀོད”ཀྱི་སློབ་མ་རེར་སྒོར10000ཡི་རོགས་སྐྱོར་ཡོད།༼སློབ་ཡོན་དང་འཚོ་བའི་ཁ་གསབ་གཉིས་ཀ་འཐུས༽
༢ “གཙང་གསུམ་འཆར་བཀོད”ཀྱི་སློབ་མ་རེར་སྒོར6500ཡི་རོགས་སྐྱོར་ཡོད།༼སློབ་ཡོན་དང་འཚོ་བའི་ཁ་གསབ་གཉིས་ཀ་འཐུས༽
གསུམ། མཉམ་འབྲེལ་སློབ་གྲྭ
༡ “ལྷ་སའི་འཆར་བཀོད”ཀྱི་མཉམ་འབྲེལ་སློབ་གྲྭ་ལ་ཐེན་ཅིན། ཧིའུ་པེ། ལོའོ་ཉིན། ཅི་ལིན། ཧྲང་ཧེ། ཅང་སུའུ། ཅང་ཞི། ཧིའུ་ནན། ཀོང་ཀྲིག ཀོང་ཏུང་སོགས་སློབ་གྲྭ18ཡོད།
༢ “གཙང་གསུམ་འཆར་བཀོད”ཀྱི་མཉམ་འབྲེལ་སློབ་གྲྭ་ལ་ཅང་སུའུ་ཡུས་ཀྲུན་་ལག་རྩལ་སློབ་གླིང་དང་། ཅང་སུའུ་ཡང་ཀྲིག་ལག་རྩལ་སློབ་གླིང་། ཅང་སུའུ་ཡང་ཀྲིག་ཚོང་དོན་མཐོ་རིམ་ལས་རིགས་སློབ་གྲྭ ཅང་སུའུ་ནན་ཅིན་བཟོ་ལས་མཐོ་རིམ་ལས་རིགས་སློབ་གྲྭ ཧིའུ་ནན་ལིག་ཡུས་འཕྲོད་བསྟེན་སློབ་གྲྭ ཅང་ཞི་བཟོ་ལས་སློབ་གླིང་། སི་ཁྲོན་རིན་ཧྲིག་ཧྭ་ད་ལས་རིགས་སློབ་གྲྭ སི་ཁྲིན་ལུག་ཧྲན་ཅིན་ཏོང་ལས་རིགས་ལག་རྩལ་སློབ་གྲྭ ཧྲན་ཏུང་ཅོད་ཀྲོང་ཞོས་ཁྲིན་ལས་རིགས་འབྲིང་རིམ་སློབ་གྲྭ་སོགས་ཡོད།
བཞི། ཆེད་ལས་མཚམས་སྦྱོར།
བཟོ་སྐྲུན་དང་ཆུ་བེད་ཀྱི་སྡེ་ཚན། ལས་བཟོ་དང་ལས་སྣོན་གྱི་སྡེ་ཚན། འགྲིམ་འགྲུལ་དང་སྐྱེལ་འདྲེན་གྱི་སྡེ་ཚན། གསོ་རིག་དང་སྨན་བཅོས་སྡེ་ཚན། ནོར་སྲིད་དང་ཚོང་དོན་གྱི་སྡེ་ཚན། ལྗོངས་རྒྱུ་དང་ཞབས་ཞུའི་སྡེ་ཚན། རིག་གནས་སློབ་གསོ་དང་སྒྱུ་རྩལ་གྱི་སྡེ་ཚན་བཅས་སྡེ་ཚན་ཆེན་པོ8དང་བྱེ་བྲག་གི་ཆེད་ལས80ལྷག་ཡོད།
ལྔ། མིང་ཐོའི་འགོད་དུས།
2015ལོའི་ཟླ6པའི་ཚེས20ཉིན་ནས2015ལོའི་ཟླ8པའི་ཚེས15བར།
དྲུག འབྲེལ་གཏུག་བྱེད་ཡུལ།
གསེར་ཆེན་རྫོང་སློབ་མ་བསྡུ་ལེན་ལས་ཤག 0974-8512353
ཁྲི་ཀ་རྫོང་སློབ་མ་བསྡུ་ལེན་ལས་ཤག 0974-8552171
མང་རྫོང་སློབ་མ་བསྡུ་ལེན་ལས་ཤག 0974-8501543
འབའ་རྫོང་སློབ་མ་བསྡུ་ལེན་ལས་ཤག 0974-8592076
བྲག་དཀར་རྫོང་སློབ་མ་བསྡུ་ལེན་ལས་ཤག 0974-8581422
མཚོ་ལྷོ་ཁུལ་སློབ་གསོ་ཅུའུ་ལས་རིགས་སློབ་གསོ་ལས་ཤག 0974-8522116
འབྲེལ་ཡོད་འོས་སྦྱོར།