logo

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་ཚན་རྩལ་འཁོར་སྐྱོད་འགྲེམ་སྟོན་བྱ་འགུལ་དུ་ཞུགས།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-04-21 ཀློག་གྲངས།:

སྟག་རིག་འབྲུག་ཐར།
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་ཚན་རྩལ་འཁོར་སྐྱོད་འགྲེམ་སྟོན་བྱ་འགུལ་དུ་ཞུགས།

     དམངས་ཡོངས་ཀྱི་ཚན་རིག་སྤུས་ཚད་མཐོར་འདེགས་ལས་འགུལ་འཆར་གཞིའི་རྩ་དོན་ཕྱོགས་ཡོངས་ལག་བསྟར་བྱེད་པའི་དགོངས་དོན་གཞིར་བཟུང་ཞིང་། ན་ཆུང་སློབ་བུ་དག་སྔ་མོ་ནས་ཚན་རྩལ་བྱ་འགུལ་ལ་ཞུགས་པ་དང་། ཚན་རྩལ་ཐད་ཀྱི་སྤུས་ཚད་མཐོར་འདེགས་ཡོང་ཆེད། ཀྲུང་གོ་ཚན་རྩལ་ཁང་དང་། མཚོ་སྔོན་ཚན་རྩལ་ཁང་། ཁྲི་ཀ་རྫོང་ཚན་རྩལ་མཐུན་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་ཀྲུང་གོ་ཚན་རྩལ་འཁོར་སྐྱོད་འགྲེམ་སྟོན་བྱ་འགུལ་དེ་ཟླ4བའི་ཚེས17ནས་ཚེས23བར་དུ་ཁྲི་ཀ་རྫོང་དུ་སྤེལ་བཞིན་ཡོད།
     ཁྲི་ཀ་རྫོང་ནི་ཐེངས་འདིའི་མཚོ་སྔོན་གྱི་འཁོར་སྐྱོད་འགྲེམ་སྟོན་ས་ཚིགས་དང་བོ་ཡིན་ཞིང་། རྫོང་ཚན་རྩལ་མཐུན་ཚོགས་དང་ཁྲི་ཀ་རྫོང་སློབ་གསོ་ཅུའུ་སོགས་ཀྱིས་དོ་སྣང་གལ་ཆེན་བྱས་ཏེ་ཁྲི་ཀ་རྫོང་ན་ཆུང་སློབ་བུ་ཡོངས་འཁོར་སྐྱོད་སྒོས་ལྟ་སྐོར་བྱེད་པར་བཀོད་སྒྲིག་ལེགས་པོ་བྱས་པ་རེད།


ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་ཚན་རྩལ་འཁོར་སྐྱོད་འགྲེམ་སྟོན་བྱ་འགུལ་དུ་ཞུགས།

     ཟླ4པའི་ཚེས19ཉིན་གོང་རིམ་གྱི་བཀོད་སྒྲིག་གཞིར་བྱས་ཤིང་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་རྩ་འཛུགས་ལྟར་ལོ་རིམ་དྲུག་པ་དང་བདུན་པའི་སློབ་བུ700ལྷག་སྔ་གཞུག་ལྟར་ཐེངས་འདིའི་ཚན་རྩལ་འགྲེམ་སྟོན་ལ་ཞུགས། ཐེངས་འདིའི་ཚན་རྩལ་མྱོང་དཔྱོད་ཀྱི་རྣམ་གྲངས་ལ་སྒྲ་འོད་ཚད་འཇལ། གློག་རྡུལ་གསང་བ། འགུལ་སྐྱོད་འགྱུར་སྟངས། གྲངས་ཀའི་ཁྱད་མཚར་སོགས་ཡོད་པ་དང་། ཚན་རྩལ་གྱི་འཚོ་བ་དེ་དམངས་ཀྱི་འཚོ་བ་དང་བར་ཐག་ཆེས་ཉེ་ཞིང་། འགྲེམ་སྟོན་ལ་བདེ་ཐང་འཚོ་བ། བདེ་འཇགས་འཚོ་བ། གཞི་གྲངས་འཚོ་བ་བཅས་བརྗོད་དོན་གསུམ་གྱི་ཁུལ་དུ་བགོས་ཡོད།
     ཐེངས་འདིའི་འགྲེམ་སྟོན་བརྒྱུད་ན་ཆུང་སློབ་བུ་དང་དམངས་ཡོངས་ལ་ཚན་རྩལ་ལ་དོ་སྣང་། ཚན་རྩལ་བེད་སྤྱོད། འོས་མཐུན་དང་ལེན་བྱེད་པ་སོགས་ཀྱི་སློབ་གསོ་ཞིག་ངང་གིས་བཏང་བ་དང་། དེ་ལས་ཚན་རྩལ་འཁྲབ་སྟོན་གྱི་བྱ་འགུལ་གྱིས་སློབ་བུ་ཀུན་ལ་ལག་ལེན་དངོས་འབེབ་དང་ཉམས་མྱོང་གསོག་ཉར་བྱེད་པའི་གོ་སྐབས་བྱིན་པ་དང་། ཚན་རྩལ་གྱི་ཁྱད་མཚར་བའི་རང་བཞིན་ལ་རོལ་མྱོང་ཐེངས་ཤིག་བྱེད་དུ་བཅུག་ཅིང་། སློབ་བུ་ཀུན་ལ་སྔ་མོ་ནས་ཚན་རྩལ་འདུ་ཤེས་ཡོད་ཅིང་རང་གིས་ལག་པ་འགུལ་ཞིང་ཚོད་ལྟ་བྱེད་པའི་གོམས་སྲོལ་ཡོད་པར་སྐུལ་འདེད་བྱས་པ་རེད།


འབྲེལ་ཡོད་འོས་སྦྱོར།