logo

ཁྲི་ཀ་བཅའ་སྡོད་སློབ་གྲྭའི་སྐྱེས་མ་དགེ་རྒན་དག་གིས་གསུམ་བརྒྱད་བུད་མེད་དུས་ཆེན་ལ་རོལ་བ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-03-10 ཀློག་གྲངས།:

ཁྲི་ཀ་་བཅའ་སྡོད་སློབ་གྲྭའི་སྐྱེས་མ་དགེ་རྒན་དག་གིས་གསུམ་བརྒྱད་བུད་མེད་དུས་ཆེན་ལ་རོལ་བ།
ཁྲི་ཀ་་བཅའ་སྡོད་སློབ་གྲྭའི་སྐྱེས་མ་དགེ་རྒན་དག་གིས་གསུམ་བརྒྱད་བུད་མེད་དུས་ཆེན་ལ་རོལ་བ།

     དྲོད་འཇམ་གྱི་དཔྱིད་ཟླ་གསུམ་པར། རྩྭ་འཇམ་གསར་བས་ལྷག་ལྷག་གི་མིག་ལྕིབས་ཕྱེ་ཞིང་བསིལ་འཇམ་རླུང་བུས་དིང་གླིང་གི་གླུ་གཞས་གཏོང་བའི་དུས་བཟང་འདིར། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སྐྱེས་མ་དགེ་བཟོ་བ150ལྷག་གིས་མཐུན་སྒྲིལ་ཨ་ལོང་སྒོར་མོ་དང་མཛའ་མཐུན་གསེར་སྐུད་རིང་མོ། དགའ་དགོད་རྦ་རླབས་ཀྱི་ཡོ་ལང་ཁྲོད་དུ་ལོ་རེ་རེའི་རྒྱལ་སྤྱིའི་གསུམ་བརྒྱད་བུད་མེད་དུས་ཆེན་དེ་སློབ་གྲྭའི་ལུས་རྩལ་ཐང་ཆེན་དུ་སྤེལ།


ཁྲི་ཀ་་བཅའ་སྡོད་སློབ་གྲྭའི་སྐྱེས་མ་དགེ་རྒན་དག་གིས་གསུམ་བརྒྱད་བུད་མེད་དུས་ཆེན་ལ་རོལ་བ།

     རང་ཉིད་ལ་དབང་བའི་དུས་ཆེན་བསུ་ཆེད་དུ། གནམ་གྱི་ཕྱེད་ཀར་འབོད་པའི་སློབ་གྲྭའི་བུད་མེད་དགེ་བཟོ་རྣམས་ཀྱིས་ཉིན་གསུམ་གྱི་སྔོན་ནས་བཟུང་གླུ་དང་གླུ་དབྱངས། ཞབས་བྲོ། རྩེད་འཇོ་སོགས་རྣམ་གྲངས་མང་པོ་གྲ་སྒྲིག་གང་ལེགས་བྱས་ཏེ། གཟི་བྱིན་རབ་ཏུ་འབར་བའི་ཟླ་གསུམ་པའི་ཚེས་བརྒྱད་ཀྱི་སྔ་དྲོའི་ཉི་གཞོན་དང་འགྲོགས་ནས་ཟབ་ཞུགས་དང་པོ་རུ་བརྩིས་ཏེ་གོ་རིམ་ཡོད་པ་དང་རྩ་འཛུགས་ཡོད་པ། སྤྲོ་སྣང་རང་བཞིན་གྱིས་ཁེངས་པའི་རྩེད་མོ་གྱ་ནོམ་པ་ཞིག་རང་ཉིད་ཚོའི་དུས་ཆེན་ལ་ཕུལ་བ་རེད། སྐྱེས་མ་ཚོའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད་རྣམ་པ་གསར་གཏོད་དང་བདེ་ཐང་ཡར་སྐུལ། བརྩོན་བསྲི་གྲོན་ཆུང་གི་ཁ་གཡང་དྲོན་མོ་ལྟེ་བར་བཟུང་སྟེ་ལྷང་ལྷང་གླུ་སྐད་སྙན་མོ་སློབ་རའི་བར་སྣང་གི་བྲག་ཅར་བསྐུར་ཞིང་བདེ་མོ་གར་གྱི་སྟངས་སྟབས་འཁྱུག་འགྲོས་འཛུམ་པའི་མདངས་ཀྱིས་བསུས་རྗེས། སྐྱེས་མ་དགེ་བཟོ་བ་ཚང་མས་འཇམ་མཉེན་གྱི་ལག་ཟུང་དམ་དུ་སྦྲེལ་ཞིང་གོར་གོར་ཨ་ལོང་སྒོར་མོའི་རིས་སུ་ཕབ་ཏེ་སྤྲོ་སྐྱིད་ཀྱི་མཉམ་འདུས་སྐོར་བྲོ་འཁྲབ། དུས་ཚོད་གཅིག་རིང་གི་ཡིད་དབང་འཕྲོག་ཅིང་དང་བ་འདྲེན་པའི་སྣ་ཚོགས་པའི་རྩེད་མོའི་འཁྲབ་སྟོན་གྱི་ཕྱིས་སུ། སྐྱེས་མ་ཚོས་ཚོ་ཁག་འགའ་བགོས་ཏེ་དབུགས་ལྒང་བཀད་པ་དང་ཕང་ཕིང་ལྒང་ལི་འགྲན་པ། ཐག་ལྡིང་གི་འགྲན་བསྡུར། བྱ་སྒྲོའི་སྤོ་ལོའི་འགྲན་བསྡུར་སོགས་བྱ་འགུལ་གྱི་རྣམ་གྲངས་དྲུག་ལྷག་སྤེལ་ནས་ཨ་སྔོན་ལས་དྭངས་པའི་སེམས་ཁམས་བསྐྱེད་ཅིང་མེ་ཏོག་ལས་འཇེབས་པའི་འཛུམ་བརྒྱ་གྲོལ་ནས་རྒྱལ་སྤྱིའི་བུད་མེད་དུས་ཆེན་འཛུམ་དྲུག་དང་དགའ་སྤྲོའི་ཁྲོད་ནས་བདེ་ལེགས་ངང་རོལ་ལོ། །


འབྲེལ་ཡོད་འོས་སྦྱོར།