ཀྲུང་གོས་ཤིང་ཏ་ལའི་ལོ་མའི་ཆོས་དཔེའི་སམ་བོད་རྒྱ་དབྱིན་གྱི་ཚིག་མཛོད་བསྒྲིག་རྒྱུ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-03-05
ཀློག་གྲངས།:
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ནམ་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་གླིང་གི་འགོ་གཙོ་གཞོན་པ། ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ཞིབ་འཇུག་ཁང་གི་འགོ་གཙོ་འབྲོང་བུ་ཚེ་རིང་རྡོ་རྗེས་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་ཏེ་བཤད་རྒྱུར། ཞིབ་འཇུག་ཁང་གིས་ད་ལོར་ཤིང་ཏ་ལའི་ལོ་མའི་ཆོས་དཔེའི་སམ་བོད་རྒྱ་དབྱིན་གྱི་ཚིག་མཛོད་ཅིག་བསྒྲིག་རྒྱུ་ཡིན་པ་མ་ཟད་ཤིང་ཏ་ལའི་ལོ་མའི་སྔོག་བཤེར་གསར་བར་གྲ་སྒྲིག་བྱེད་པ་ཡིན།
ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ནི་ཤིང་ཏ་ལའི་ལོ་མའི་སྟེང་དུ་བྲིས་པའི་ཆོས་ཀྱི་ཡི་གེ་ལ་ཟེར་ཞིང་། དེའི་ནང་དོན་མང་ཆེ་ཤོས་ནི་སཾསྐྲྀཏ་ཡི་སྐད་དུ་བྲིས་ཡོད་པ་དང་། སངས་རྒྱས་ཆོས་ལུགས་ཀྱི་གསུང་དཔེ་ལས་གཞན་ད་དུང་རྩོམ་རིག་དང་། སྒྱུ་རྩལ། མཚན་ཉིད་རིག་པ། ལོ་རྒྱུས། གསོ་རིག རྩིས་རིག གནམ་རིག་སྐར་རྩིས་སོགས་ཀྱང་བཀོད་ཡོད་ལ། ཨེ་ཤ་ཡ་ལྷོ་མ་དང་ཨེ་ཤ་ཡ་དབུས་མའི་རིག་གནས་བརྒྱུད་སྒྲོག་དང་ལོ་རྒྱུས་འཕེལ་རིམ་ལ་རྒྱུས་ལོན་བྱེད་པར་གལ་ཆེན་རང་བཞིན་ལྡན།
2006ལོར། ཀྲུང་གོའི་སྲིད་གཞུང་གིས་ད་ལྟའི་བར་གཞི་རྒྱ་ཆེས་ཆེ་བའི་བོད་ལྗོངས་ཀྱི་སཾསྐྲྀཏའི་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ལ་སྔོག་བཤེར་བྱེད་མགོ་བརྩམས། 2013ལོའི་ཟླ12པར། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་གླིང་གི་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ཞིབ་འཇུག་ཁང་བཙུགས་ཏེ་ཀྲུང་གོའི་ཆེས་ཐོག་མའི་བོད་ལྗོངས་ཀྱི་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ལ་ཞིབ་འཇུག་བྱེད་པའི་རིག་གཞུང་ལས་ཁུངས་གྲུབ་པ་རེད།

འབྲེལ་ཡོད་འོས་སྦྱོར།