logo

ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་སློབ་གླིང་གི་རྒྱ་བོད་ལོ་ཙཱ་ལག་ལེན་སློབ་ཁྲིད་གནས་གཞི་བཙུགས་པ།

རྩོམ་པ་པོ།:ཀླུ་འབུམ། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2015-01-24 ཀློག་གྲངས།:

 ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་གླིང་གི་རྒྱ་བོད་ལོ་ཙཱ་ལག་ལེན་སློབ་ཁྲིད་གནས་གཞིའི་སྒོ་བྱང་བཀལ།
ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་སློབ་གླིང་གི་རྒྱ་བོད་ལོ་ཙཱ་ལག་ལེན་སློབ་ཁྲིད་གནས་གཞིའི་སྒོ་བྱང་བཀལ།

  ཟླ 1པོའི་ཚེས20 ཉིན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་སློབ་གླིང་དང་ཀྲུང་གོ་མི་རིགས་ཡིག་སྒྱུར་ཅུས་བོད་སྐད་ཡིག་ལོ་ཙཱ་ཁང་གཉིས་མཉམ་འབྲེལ་བྱས་ཏེ་བོད་སྐད་ཡིག་ལོ་ཙཱ་ཁང་ལ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་སློབ་གླིང་གི་རྒྱ་བོད་ལོ་ཙཱ་ལག་ལེན་སློབ་ཁྲིད་ལྟེ་གནས་ཀྱི་སྒོ་བྱང་བཀལ་བ་རེད།
  སྒོ་བྱང་བཀལ་བའི་མཛད་སྒོའི་ཐོག་ཏུ་ཀྲུང་གོ་མི་རིགས་ཡིག་སྒྱུར་ཅུའི་འགོ་ཁྲིད་གཞོན་པ་ཅིན་ཡུན་ཀོ་དང་། ཀྲུང་གོ་མི་རིགས་ཡིག་སྒྱུར་ཅུའུ་བོད་སྐད་ཡིག་ལོ་ཙཱ་ཁང་གི་འགོ་ཁྲིད་ཟླ་བ་ཚེ་རིང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་སློབ་གླིང་གི་གླིང་གཙོ་ཚེ་རིང་ཐར་དང་གླིང་གཙོ་གཞོན་པ་བཀྲ་བྷ་བཅས་ཞུགས་ཡོད། ཚོགས་ཐོག་ཏུ་གོང་གི་འགོ་ཁྲིད་རིམ་པས་གསུང་བཤད་གནང་བ་དང་། ཀྲུང་གོ་མི་རིགས་ཡིག་སྒྱུར་ཅུའུ་བོད་སྐད་ཡིག་ལོ་ཙཱ་ཁང་གི་འགོ་ཁྲིད་གཞོན་པ་བློ་བཟང་བསྟན་འཛིན་གྱིས་འགོ་འཛིན་བྱས།


འབྲེལ་ཡོད་འོས་སྦྱོར།