logo

སི་ཁྲོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དཔལ་ལྡན་ཉི་མ་ལགས་ཀྱིས་མཚོ་ལྷོ་རུ་དཔེ་ཁྲིད་གནང་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-12-27 ཀློག་གྲངས།:

四川师大巴登尼玛教授受邀在海南州第一民族高级中学讲学
དགེ་རྒན་ཆེན་མོ་དཔལ་ལྡན་ཉི་མ་ལགས་ཀྱིས་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་དགེ་སློབ་རྣམས་ལ་དཔེ་ཁྲིད་གནང་བ།

དགེ་རྒན་ཆེན་མོ་དཔལ་ལྡན་ཉི་མ་ལགས་ཀྱིས་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་དགེ་སློབ་རྣམས་ལ་དཔེ་ཁྲིད་གནང་བ།

  སློབ་གྲྭའི་སློབ་ཁྲིད་ཀྱི་བཅོས་སྒྱུར་དང་གོང་སྤེལ་ལ་བསྟུན་པ་དང་། དགེ་རྒན་རྣམས་ཀྱི་ཕྱོགས་བསྡུས་བྱང་ཚད་དང་སློབ་ཁྲིད་ཀྱི་ནུས་པ་མཐོར་འདེགས་བཏང་ཐོག  སློབ་ཁྲིད་ཀྱི་སྤུས་ཚད་ཇེ་ལེགས་ཇེ་བཟང་དུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་སི་ཁྲོན་དགེ་ཐོན་སློབ་ཆེན་སློབ་གསོ་དང་ཚན་རིག་སློབ་གླིང་གི་གླིང་གཙོ་དང་། དགེ་རྒན་ཆེན་མོ་དཔལ་ལྡན་ཉི་མ་ལགས་གདན་ཞུ་བྱས་ནས་ཟླ12པའི་ཚེས19ཉིན་ནས་ཚེས21ཉིན་བར་དུ་མུ་འབྲེལ་དཔེ་ཁྲིད་གནང་བ་རེད།
དགེ་རྒན་ཆེན་མོ་དཔལ་ལྡན་ཉི་མ་ལགས་ཀྱིས་སློབ་གྲྭའི་བསམ་བློ་དང་། རིག་གནས་སྤྱི་ཚོགས་དང་སློབ་གསོ། ཚད་ལྡན་གྱི་སློབ་འབྲིང་སློབ་མ་ཞིག་ཇི་ལྟར་བྱེད་པ། སློབ་རའི་རིག་གནས་འཛུགས་སྐྲུན་སོགས་ཀྱི་ཐད་དཔེ་གཞི་དང་འབྲེལ་ནས་དཔེ་ཁྲིད་རྒྱ་ཆེན་པོ་གནང་བས། སློབ་གྲྭ་དེ་གའི་དགེ་སློབ་རྣམས་ཀྱི་བློ་སྒོ་འབྱེད་པའི་དགེ་མཚན་ཐོན་པ་རེད།


དགེ་རྒན་ཆེན་མོ་དཔལ་ལྡན་ཉི་མ་ལགས་ཀྱིས་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་དགེ་སློབ་རྣམས་ལ་དཔེ་ཁྲིད་གནང་བ།


འབྲེལ་ཡོད་འོས་སྦྱོར།