ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པས་དམངས་གླུ་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ།

ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པས་དམངས་གླུ་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ། 
ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པས་དམངས་གླུ་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ།
ན་ཆུང་སློབ་བུ་དག་ལ་ཆུང་དུས་ནས་བཟུང་། སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་བརྟན་མོ་ཞིག་གཏོང་ཆེད། མཚོ་སྔོན་ཞིངཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པས་ཆེད་དུ་ལོ་ན་ཆུང་བའི་སློབ་མ་དག་ལ་དམངས་གླུ་འགྲན་སྡུར་གྱི་བྱ་འགུལ་ཞིག་སྤེལ།
ཐེངས་འདིའི་བྱ་འགུལ་ནི་ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པའི་བོད་ཡིག་ཁྲིད་དཔྱོད་ཁང་གིས་གཙོ་སྒྲུབ་བྱས་པ་དང་། འགྲན་ཞུགས་པ་ནི་སློབ་ཆུང་དེའི་སློབ་མ་རྐྱང་རྐྱང་ཡིན་ལ། ལོ་ན་ཆུང་བའི་སློབ་མ་འདི་དག་གིས་ལྷད་ཀྱིས་མ་གོས་པའི་རང་གཤིས་ལ་བོད་རང་གི་རྩམ་དྲི་དང་འོ་དྲི་འཐུལ་བའི་དམངས་གླུས་བརྒྱན་པ་ན་སློབ་ར་ཡོངས་ལ་རིག་གནས་ཀྱི་ཚ་རླབས་གསར་བ་ཞིག་འཕྱུར།
ཐེངས་འདིའི་འགྲན་ཚོགས་སྤེལ་བ་འདིས་ན་ཆུང་བྱིས་པ་དག་ཆུང་དུས་ནས་བཟུང་མེས་རྒྱལ་ལ་དགའ་བ་དང་། མི་རིགས་ལ་དགའ་བ། སྲོལ་རྒྱུན་རིག་གནས་ལ་དགའ་བའི་འདུ་ཤེས་བཟང་བོ་སྐྱེད་སྲིང་བྱེད་པར་ནུས་པ་གང་ལེགས་ཐོན་ཡོད།
