logo

བོད་རིགས་སློབ་ཆེན་པའི་སྙན་ངག་གྱེར་འདོན་འགྲན་སྡུར་སྐབས་དང་པོ་ཟི་ལིང་དུ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-11-14 ཀློག་གྲངས།:

首届藏族大学生母语诗歌朗诵大赛在西宁落幕
བོད་རིགས་སློབ་ཆེན་པའི་སྙན་ངག་གྱེར་འདོན་འགྲན་སྡུར་སྐབས་དང་པོ་ཟི་ལིང་དུ་བསྡུས་པ།


བོད་རིགས་སློབ་ཆེན་པའི་སྙན་ངག་གྱེར་འདོན་འགྲན་སྡུར་སྐབས་དང་པོའི་ཡུལ་དངོས།

  ཟླ11པའི་ཚེས8ཉིན། བོད་རིགས་སློབ་ཆེན་པའི་སྙན་ངག་གྱེར་འདོན་འགྲན་སྡུར་སྐབས་དང་པོའི་རྟིང་རྩོད་འགྲན་སྡུར་དེ་མཚོ་སྔོན་ཟི་ལིང་དུ་བསྡུས་ཤིང་། རྒྱལ་ཡོངས་ཀྱི་སློབ་ཆེན་སོ་སོ་ནས་ཡོང་བའི་འགྲན་ཞུགས་པ་མི་བརྒྱ་ལྷག་འགྲན་སྡུར་ལ་ཞུགས་པ་དང་། ཚ་ཚ་འུར་འུར་གྱི་འགྲན་སྡུར་བརྒྱུད་ནས་འགྲན་ཞུགས་པ་མི15རྟིང་རྩོད་འགྲན་སྡུད་དུ་ཚུད།
  ཐེངས་འདིའི་འགྲན་སྡུར་སྟེང་རྒྱང་སྒྲོག་པ་གྲགས་ཅན་ཕུར་བ་དང་། སྒྱུ་རྩལ་པ་ཞི་བདེ་ཉི་མ། སྙན་ངག་པ་འབྲུག་ལྷ་རྒྱལ་སོགས་དཔྱད་འདེམས་པར་གདན་འདྲེན་ཞུས་ཡོད་པ་རེད།
  རབ་དང་རིམ་པའི་འགྲན་སྡུར་བརྒྱུད་ནས་ནུབ་བྱང་མི་རིགས་སློབ་ཆེན་གྱི་དཔལ་ཆེན་རྡོ་རྗེ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཚེ་དབང་རྒྱལ་གཉིས་ལ་བྱ་དགའ་ཨང་དང་པོ་ཐོབ་པ་རེད།


འབྲེལ་ཡོད་འོས་སྦྱོར།