བོད་ཀྱི་ཡུལ་སྐད་ཀྱི་གྲངས་མཛོད་འཛུགས་སྐྲུན་ལ་རྒྱལ་ཁབ་ཀྱི་རོགས་སྐྱོར་ཐོབ་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-11-12
ཀློག་གྲངས།:
རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་སློབ་ཆེན་གྱིས་འགན་བླངས་ནས་རེ་ཞུ་བྱས་པའི་ས་ཁམས་ཀྱི་ཆ་འཕྲིན་སྟེགས་བུ་གཞིར་བྱས་པའི་བོད་ཀྱི་ཡུལ་སྐད་ཀྱི་གྲངས་མཛོད་འཛུགས་སྐྲུན་ལས་གཞི་དེ་མིག་སྔར་2014ལོའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་གལ་ཆེན་གྱི་རོགས་སྐྱོར་ཐོབ།
ལས་གཞི་འདིའི་དབུ་བཞུགས་ཆེད་མཁས་ནི་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དངོས་གྲུབ་ལགས་ཡིན་པ་དང་། བོད་ལྗོངས་སློབ་ཆེན་བོད་ཡིག་ཆ་འཕྲིན་ལག་རྩལ་ལྟེ་གནས་ཀྱི་དགེ་རྒན་ཆེན་མོ་གཞོན་པ་བཀྲ་ཤིས་རྒྱལ་སོགས་ཀྱིས་འགན་བླངས་ཡོད་པ་རེད། ལས་གཞི་འདིས་རིག་ཚན་སྣ་མང་པོའི་ཁྱབ་ཁོངས་ཀྱི་མཉམ་འབྲེལ་བརྒྱུད་ནས་བོད་ཀྱི་ཡུལ་སྐད་གྲངས་འཛིན་ཅན་དུ་བསྒྱུར་བའི་འཛུགས་སྐྲུན་ཁྲོད་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་ཕྱིན་ནས། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་འཛིན་སྤེལ་ཐད་བྱས་རྗེས་བླ་མེད་འཇོག་རྒྱུ་ཡིན་པ་རེད།
འབྲེལ་ཡོད་འོས་སྦྱོར།