logo

དཀར་མཛེས་ཁུལ་བོད་རིགས་སློབ་འབྲིང་དྲ་བ་དངོས་སུ་སྒོ་ཕྱེ་བ།

རྩོམ་པ་པོ།:དཀར་མཛེས་ཁུལ་བོད་རིགས་སློབ་འབྲ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-11-12 ཀློག་གྲངས།:

  
དཀར་མཛེས་ཁུལ་བོད་རིགས་སློབ་འབྲིང་གི་དྲ་རྒྱ་དངོས་སུ་སྒོ་ཕྱེ་བ།

  ཉེ་ལམ། དཀར་མཛེས་ཁུལ་བོད་རིགས་སློབ་འབྲིང་གི་དྲ་རྒྱ་དངོས་སུ་སྒོ་ཕྱེ་ཡོད་པ་དང་། དྲ་རྒྱ་འདིའི་ནང་དུ་གཙོ་བོ་སློབ་གྲྭ་རང་གི་སྐབས་དོན་གྱི་གནས་བབས་གཙོ་བྱས་ཏེ་བོད་ཀྱི་སློབ་འབྲིང་ཁག་དང་། སློབ་ཆུང་ཁག་སོ་སོའི་བསླབ་ཚན་གྱི་ནང་དོན་བཀོད་སྒྲིག་བྱས་ཡོད་པ་དང་།གཞན་སློབ་རའི་དགོས་མཁོར་དམིགས་ནས་སྨྱན་མང་ཁྲིད་ཆས་དང་། རྒྱུག་གཞི ། ཁྲིད་གཞི་སོགས་ཀྱི་ལེ་ཚན་ཡང་བགར་ཡོད་ལ། མཐོ་འབྲིང་དང་དམའ་འབྲིང་། སློབ་ཆུང་སོགས་ཀྱི་བསླབ་གཞིའི་རྒྱུ་ཆ་དང་བོད་ཀྱི་རིག་གནས། བརྙན་གཟུགས།རྩོམ་རིགས་གླིང་ཀ་སོགས་ཀྱི་ལེ་ཚན་ཡང་བཀོད་སྒྲིག་བྱས་ཡོད།


དཀར་མཛེས་ཁུལ་བོད་རིགས་སློབ་འབྲིང་གི་དྲ་རྒྱ་དངོས་སུ་སྒོ་ཕྱེ་བ།

  དྲ་རྒྱ་འདི་ནི་དཀར་མཛེས་ས་ཁུལ་གྱི་བོད་ཡིག་སློབ་གྲྭ་ཆུང་འབྲིང་ཁག་ཏུ་བོད་ཀྱི་རིག་གནས་དང་སྒོས་སུ་བོད་སྐད་ཡིག་བསླབ་གཞི་སྐོར་གྱི་ཁྲིད་གཞི་དང་ཁྲིད་ཆས་སོགས་ཀྱི་རྒྱུ་ཆ་ཤིན་ཏུ་དཀོན་པར་དམིགས་ནས་སྒྲུབ་པ་ཡིན་པས། བོད་ཁམས་ཀྱི་བོད་ཡིག་སློབ་གྲྭ་ཁག་དང་རྒྱ་ཆེའི་དགེ་སློབ་ཡོངས་ནས་འདི་གར་རྩོམ་ཡིག་གང་ལེགས་བསྐུར་བར་ཞེ་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།  ངེད་དྲ་བས་དྲ་རྒྱའི་སྤྱིའི་ནང་དོན་དང་བཟོ་བཀོད་སོགས་ཀྱི་ཐད་དུ་སྔར་ལས་ལྷག་པར་ཇེ་ལེགས་དང་ཇེ་རྒྱས་སུ་གཏོང་བར་འབད་བརྩོན་གང་ནུས་བྱེད་བཞིན་ཡོད་དོ། །

འབྲེལ་ཡོད་འོས་སྦྱོར།