logo

《པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར》ཞེས་པའི་དཔེ་ཚོགས་ཀྱི་ཐོག་མའི་འགྲེམ་སྤེལ་མཛད་སྒོ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-11-11 ཀློག་གྲངས།:

《历辈班禅大师传记》(藏文版)首发仪式举行
《པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར》ཞེས་པའི་དཔེ་ཚོགས།

《པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར》ཞེས་པའི་དཔེ་ཚོགས་ཀྱི་ཐོག་མའི་འགྲེམ་སྤེལ་མཛད་སྒོ་བསྡུས་པ།

  ཟླ11པའི་ཚེས10ཉིན། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དང་བཀྲ་ཤིས་ལྷུན་པོ་དགོན་གཉིས་མཉམ་འབྲེལ་བྱས་ཐོག   བོད་ལྗོངས་རྣམ་སྲས་ཤོག་ཁག་གིས་རོགས་དངུལ་གནང་ནས་བསྒྲིགས་པའི《པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར》ཞེས་པའི་དཔེ་ཚོགས་འགྲེམ་སྤེལ་གྱི་མཛད་སྒོ་དེ་ལྷ་ས་རུ་བསྡུས་ཤིང་། དཔེ་ཚོགས་དེར་ཁྱོན་བསྡོམས་དེབ་བཅུ་གཉིས་ཡོད་པ་དང་། ཡིག་གྲངས་ཁྲི380ཡོད་པ་རེད། དེབ་ཚོགས་དེའི་ནང་པཎ་ཆེན་སྐུ་ཕྲེང་དང་པོ་ནས་སྐུ་ཕྲེང་དགུ་པའི་བར་གྱི་ནང་བསྟན་དང་། ཆབ་སྲིད། དཔལ་འབྱོར། ལོ་རྒྱུས། མཚན་ཉིད་རིག་པ། ཚད་མ་རིག་པ། སྤྲུལ་སྐུའི་ལམ་ལུགས་དང་ཀྲུང་དབྱང་སྲིད་གཞུང་གི་ཆོག་མཆན་གནང་བའི་ལམ་ལུགས་ལག་བསྟར་བྱེད་པའི་གོ་རིམ་སོགས་བཀོད་ཡོད་པ་རེད།
  མཛད་སྒོའི་སྟེང་བསྟན་པ་ལྟར་ན། དཔེ་ཚོགས་འདི་ནི་ནང་བསྟན་གྱི་བསྟན་བཅོས་གལ་ཆེན་ཞིག་ཡིན་པར་མ་ཟད།  པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱིས་རྒྱལ་གཅེས་དམངས་སྐྱོང་ཀྱི་མཛད་འཕྲིན་བརྗོད་པའི་་ལོ་རྒྱུས་ཡིག་ཆ་ཞིག་ཀྱང་ཡིན་པ་རེད།
 


འབྲེལ་ཡོད་འོས་སྦྱོར།