logo

མཚོ་ཡི་སྙན་དེབ《སེམས་པ་བཞུད་པའི་དབྱངས》ཀྱི་འགྲེམ་སྤེལ་མཛད་སྒོ་དེ་མང་རྫོང་དུ་བསྡུས་པ།

རྩོམ་པ་པོ།:འབྲོང་ཕྲུག་ལྷ་ཆེན་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-11-07 ཀློག་གྲངས།:


མཚོ་ཡི་སྙན་དེབ《སེམས་པ་བཞུད་པའི་དབྱངས》འགྲེམ་སྤེལ་བྱས།

  ཟླ11པའི་ཚེས4ཉིན། མཛངས་མ་མཚོ་ཡི་སྙན་དེབ《སེམས་པ་བཞུད་པའི་དབྱངས》ཀྱི་འགྲེམ་སྤེལ་མཛད་སྒོ་དེ་མང་རྫོང་ཕོ་བྲང་གསར་བ་རུ་བསྡུས་ཤིང་།    མཛད་སྒོའི་སྟེང་དུ་དེང་རབས་བོད་ཀྱི་སྒྲུང་གཏམ་གྲགས་ཅན་སྟག་འབུམ་རྒྱལ་དང་སྙན་ངག་པ་མགོ་མང་སྒྲོལ་བརྟམ།   གངས་བུ་འབྲུག་ལྗང་།  ལྡོང་ལུག་རྫི།  གངས་སྲས་ཟླ་བ།  འབྲོང་ཕྲུག   སློབ་གསོའི་དཔྱད་བརྗོད་པ་མང་རའི་སོན་གསར།  རི་མོ་བ་ཀླུ་ཚང་བསོད་ནམས་འབུམ་བཅས་ཞུགས་ཤིང་།   ཁོ་ཚོས་སྙན་ངག་པ་མཚོ་ལ་རྟེན་འབྲེལ་གྱི་ཁ་བཏགས་ཕུལ་བར་མ་ཟད།   རང་རང་གི་སྨོན་ཚིག་གྱེར་བ་དང་།   ཞོར་དུ་སྙན་ངག་པ་མཚོ་ཡི་སྙན་ངག་ལ་དངོས་ལྡོག་གང་རུང་གི་དཔྱད་འཇོག་དང་བསམ་འཆར་བཏོན་པ་རེད།
  རེབ་འདིའི་མཛད་སྒོ་ནི་མང་རྫོང་ས་ཁུལ་གྱི་སྙུག་ཐོག་པའི་སྡེ་ནས་རྩོམ་རིག་བརྩམས་ཆོས་པར་སྐྲུན་འགྲེམ་སྤེལ་ལ་རྟེན་འབྲེལ་ཞུ་ཐེངས་ལྔ་བ་ཡིན་ཞིང་།  ཐོག་དང་པོ་ནི་སྒྲུང་གཏམ་སྟག་འབུམ་རྒྱལ་གྱི་བརྩམས་ཆོས་དཔྱད་གླེང་ཚོགས་འདུ་པེ་ཅིང་དུ་བསྡུས་པ་དང་ཁོའི་སྒྲུང་འབྲིང་ཕྱོགས་སྒྲིག《ཁ་བ་མེད་པའི་དགུན་ཁ》འགྲེམ་སྤེལ་ལ་རྟེན་འབྲེལ་ཞུ་ཐེངས་དེ་ཡིན་ཞིང་།   དེར་མཐུད་དེ་མུ་མཐུད་དུ་ཀླུ་ཚང་བསོད་ནམས་འབུམ་གྱི《ཀླུ་འབུམ་མི་རྒོད》དང་འབྲོང་ཕྲུག་གི《བཞད་འཕྱི་བའི་མེ་ཏོག》     གངས་བུ་འབྲུག་ལྗང་གི《མི་ཚེ་གྲུབ་པའི་གླུ》 མཚོ་ཡི《སེམས་པ་བཞུད་པའི་དབྱངས》བཅས་སུ་འཕྲོ་རིམ་འཕྲོར་པར་སྐྲུན་འགྲེམ་སྤེལ་གྱི་མཛད་སྒོ་བསྡུས་ཏེ།    རྩོམ་པ་པོའི་གསར་རྩོམ་གྱི་འབྲས་བུ་ཁས་ལེན་དང་གདེང་འཇོག་ཚད་མཐོན་པོ་བྱས་པ་རེད།
  གཞན་ཡང་།  རེབ་འདིའི་མཛད་སྒོའི་སྟེང་དུ་ཆེད་དུ་མང་རྫོང་གི་གཟའ་ཉི་མའི་ཁ་བརྡ་ཐེངས་རྗེས་མའི་གླེང་གཞི་གཏན་འཁེལ་བྱས་ཏེ།   ཁ་བརྡའི་ནང་དོན་རྒྱ་ཇེ་ཆེ་དང་ཚོགས་མི་ཇེ་མང་དུ་གཏོང་རྒྱུའི་ཕྱོགས་ལ་ཚང་མའི་བསམ་འཆར་གཅིག་མཐུན་བྱུང་བ་སྟེ།   དེས་ནི་མང་རྫོང་ས་ཆའི་སྙུག་ཐོག་པའི་སྡེ་ལ་བསམ་བློའི་གླེང་སྟེགས་གསར་བ་ཞིག་རྒྱུད་འཛིན་དང་དར་སྤེལ་ལ་ཤུགས་སྣོན་བྱེད་རྒྱུའི་བསམ་པ་མཚོན་ཡོད་དོ། ། 

 


འབྲེལ་ཡོད་འོས་སྦྱོར།