རྩོམ་པ་པོ་འཕྲིན་ཁྱུང་གི་རྒྱ་འགྱུར་མ《བ་རེས་ཀྱི་ལྷུག་རྩོམ་གཅེས་བསྡུས》པར་བསྐྲུན་གནང་བ།
རྩོམ་པ་པོ།:མི་ཆུང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-10-28
ཀློག་གྲངས།:
ཁྲིན་ཆང་གི་རྒྱ་འགྱུར་མའི་བརྩམས་ཆོས་པར་བསྐྲུན་གནང་བ།
མཚོ་སྔོན་རྩོམ་པ་པོའི་མཐུན་ཚོགས་དང་། མཚོ་སྔོན་མི་རིགས་རྩོམ་རིག་ལོ་ཙཱ་མཐུན་ཚོགས་ཀྱིས་གཙོ་སྒྲིག་གནང་ཞིང་། རྩོམ་པ་པོ་དཔེ་སྐྲུན་ཁང་གིས་པར་ཏུ་བསྐྲུན་པའི་འབྲོང་དཔེ་ཚོགས་དེབ་ཕྲེང་གསུམ་པ་དེ་ཉེ་ཆར་འགྲེམ་སྤེལ་གནང་འདུག དེའི་ཁྲོད་བོད་ཀྱི་སྐད་གཉིས་རྩོམ་པ་པོ་འཕྲིན་ཁྱུང་གིས་ལོ་ཙཱ་གནང་བའི《བ་རེས་ཀྱི་ལྷུག་རྩོམ་གཅེས་བསྡུས》ཞེས་པ་པར་བསྐྲུན་འགྲེམ་སྤེལ་གནང་འདུག འདི་ནི་བོད་ཀྱི་རྩོམ་པ་པོ་ཉྭ་ནག་པ་བ་རེས་ལགས་ཀྱི་ལྷུག་རྩོམ་བརྩམས་ཆོས་དེབ་ཧྲིལ་བོ་བསྒྱུར་བའི་འགྱུར་དེབ་ཞིག་ཡིན་ལ། འཕྲིན་ཁྱང་་གིས《ཁྲི་སེམས་དཔའི་སྙན་ངག》བསྒྱུར་རྗེས་ཀྱི་རྒྱ་འགྱུར་མའི་དེབ་གཉིས་པའང་ཡིན།
འབྲེལ་ཡོད་འོས་སྦྱོར།