logo

མགོ་ལོག་ཁུལ་བོད་ཡིག་མཐོ་རིམ་སློབ་འབྲིང་གི་དྲ་རྒྱ་དངོས་སུ་སྒོ་འབྱེད་པ།

རྩོམ་པ་པོ།:ཇོ་མོ་གླང་མའི་ཟེགས་མ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-10-27 ཀློག་གྲངས།:

     ཉེ་ལམ། མགོ་ལོག་བོད་ཡིག་མཐོ་རིམ་སློབ་འབྲིང་གི་དྲ་རྒྱ་དངོས་སུ་སྒོ་འབྱེད་ཅིང་།  དྲ་རྒྱ་འདིར་སློབ་གྲྭ་རང་གི་སྐབས་དོན་གནས་བབས་ཀྱི་ཆ་ལས་རྫོགས་པར་བོད་ཀྱི་སློབ་འབྲིང་ཁག་དང་། སློབ་ཆེན་ཁག  སློབ་ཆུང་ཁག་སོ་སོའི་ནང་དོན་གྱི་བཀོད་པ་ནས་གྲུབ་ཡོད། འདི་གར་བོད་ཀྱི་རིག་གནས་དང་། བོད་ཀྱི་སློབ་གསོ། འདོད་འཇོའི་སྙན་རྩོམ་སོགས་ཀྱི་ལེ་ཚན་བགོས་ཡོད་པ་མ་ཟད། དེ་དག་ཏུ་བོད་ཀྱི་སློབ་གསོའི་ཐད་ཀྱི་དོན་གནད་དང་དཔྱད་གླེང་། གནས་དོན་སོགས་ཀྱི་གཏམས་ཡོད་པ་དང་། བོད་ཀྱི་རིག་གནས་ལེ་ཚན་དུ་བོད་ཀྱི་དམངས་སྲོལ་དང་རིག་གཞུང་། བསྟན་བཅོས། ཆོས་ལུགས་སོགས་ཀྱི་ནང་དོན་བཏུས་ཡོད་ལ། དེ་གར་བོད་ཀྱི་མཁས་བ་དག་གི་གསུང་འབུམ་དང་། རྣམ་ཐར། ལོ་རྒྱུས། རིག་གནས་ཆེ་ཆུང་གི་གཞུང་སོགས་བསྡུས་ཡོད། དེ་ཡང་བོད་ཡིག་གློག་རྡུལ་མཉེན་ཆས་སོགས་ཀྱང་ལེ་ཚན་དེ་དག་གི་གསེབ་ནས་ཕབ་ལེན་བྱེད་ཐུབ་པ་དང་། དེའི་འཕྲོར་ཡང་སློབ་རའི་དགོས་མཁོར་དམིགས་ནས་སྨྱན་མང་ཁྲིད་ཆས་དང་། རྒྱུག་གཞིའི་གྲུ་ཁ། ཁྲིད་གཞིའི་སྒྲོན་མེ་སོགས་ཀྱི་ལེ་ཚན་བགར་ཡོད་པ་དང་། དེ་གར་མཐོ་འབྲིང་དང་དམའ་འབྲིང་། སློབ་ཆུང་སོགས་ཀྱི་བསླབ་གཞིའི་རྒྱུ་ཆ་སོགས་ཀྱིས་འཁེབས་ཡོད།

     སྦྱངས་རྩོམ་དོ་རར་སློབ་གྲྭའི་དགེ་སློབ་ཡོངས་དང་སློབ་གྲྭ་ག་གེ་མོ་ནས་སྐུར་ཡོང་ བའི་སྦྱངས་རྩོམ་དང་དཔྱད་རྩོམ་གྱིས་བཟུང་ཡོད་ལ། དེ་ལས་ཀྱང་དགེ་སློབ་ཡོངས་ཀྱི་རྒྱུན་ཤེས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་ཕྱིར་ཤེས་རིག་དགའ་ཚལ་གྱི་ལེ་ཚན་དུ་འཚོ་བའི་རྒྱུན་ཤེས་དང་། ཁྲིམས་ལུགས་དང་སྲིད་ཇུས་ཀྱི་རྒྱུན་ཤེས་སོགས་སྤེལ་ཡོད། དེར་མ་ཟད། བོད་ཁུལ་གྱི་སྔར་ཡོད་ཀྱི་གློག་རྡུལ་ཁྲིད་གཞི་མང་པོ་ཉར་བསྡུ་བྱེད་པའི་གྲ་སྒྲིག་ཡོད་པར་མ་ཟད་ད་བར་གོ་རིམ་ལྡན་པའི་ངང་འཚོལ་བསྡུའི་སྒང་ཡིན། དེ་ཡང་དྲ་རྒྱ་སྤྱིའི་ནང་དོན་དང་བཟོ་བཀོད་སོགས་ཀྱི་ཐད་དུ་ཡང་ཇེ་ལེགས་དང་ཇེ་རྒྱས་སུ་གཏོང་གྱིན་པའི་སྒང་ཡིན་ནོ།།

འབྲེལ་ཡོད་འོས་སྦྱོར།