ཁྲིམས་ལུགས་རིག་པའི་འབུམ་རམས་པ་ལུང་པ་དོན་གྲུབ2014ལོའི་རྒྱལ་ཡོངས་ཁྲིམས་གཞིའི་རིག་པའི་ལོ་ཚོགས་སུ་ཞུགས།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-10-24
ཀློག་གྲངས།:

བོད་ཀྱི་ཁྲིམས་ལུགས་རིག་པའི་འབུམ་རམས་པ་ལུང་པ་དོན་གྲུབ2014ལོའི་
རྒྱལ་ཡོངས་ཁྲིམས་གཞིའི་རིག་པའི་ལོ་ཚོགས་སུ་ཞུགས།

གྲོས་ཚོགས་ཡུལ་དངོས།
རྒྱལ་ཡོངས་མི་རིགས་མཐོ་རིམ་སློབ་ཆེན་ནས་དངོས་སུ་གདན་འདྲེས་ཞུས་པའི་འཐུས་མི་ཉག་ཅིག་གམ་ནུབ་བྱང་མི་རིགས་སློབ་ཆེན་ཁྲིམས་ལུགས་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ། ཁྲིམས་ལུགས་རིག་པའི་འབུམ་རམས་པ། རྒྱལ་ཡོངས་ཁྲིམས་ཁང་གི་བོད་རྒྱ་སྐད་གཉིས་ཁྲིམས་དཔོན་གསོ་སྦྱོང་དགེ་མཛོད་ཀྱི་ཆེད་མཁས་པ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བོད་རྒྱ་སྐད་གཉིས་ཁྲིམས་དཔོན་གསོ་སྦྱོང་ཆེད་མཁས་པའི་མཛོད་ཀྱི་ཆེད་མཁས་པ། ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བོད་རྒྱ་སྐད་གཉིས་ཁྲིམས་དཔོན་གསོ་སྦྱོང་ཆེད་མཁས་པའི་མཛོད་ཀྱི་ཆེད་མཁས་པ་ལུང་པ་དོན་གྲུབ་ཀྱིས་དཔྱད་རྩོམ་ཕུལ་ཏེ་གྲོས་ཚོགས་སུ་ཞུགས་ཤིང་། 《ཁྲིམས་སྐྱོང་ཀྲུང་གོ་དང་བོད་ཁུལ་ཁྲིམས་སྐྱོང་འཛུགས་སྐྲུན་ཏེ། བོད་རྒྱ་སྐད་གཉིས་ཁྲིམས་འཛིན་ལག་ལེན་དང་བོད་ཁུལ་སྤྱི་ཚོགས་བདེ་འཇགས་གནད་དོན་ལ་ལྟ་བ》ཞེས་པ་བརྗོད་བྱར་བཟུང་སྟེ། བོད་ཀྱི་གནའ་བོའི་ཕུལ་བྱུང་ཁྲིམས་ལུགས་རིག་གནས་ཀྱི་ལོ་རྒྱུས་འཕེལ་འགྱུར་དང་ཀྲུང་གོས་ཁྲིམས་ལྟར་མི་རིགས་ས་ཁུལ་གྱི་སྐད་གཉིས་ཁྲིམས་ལུགས་རྣམ་པ་བདག་སྐྱོང་བྱེད་པ་དང་། ཀྲུང་གོས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ལག་བསྟར། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་བོད་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་ཁྲིམས་ལུགས་ཐོན་ཁུངས་དགོས་པ་སོགས་ཀྱི་ཐད་ནས་གྲོས་ཚོགས་སྟེང་ཕུན་སུམ་ཚོགས་པའི་གཏམ་བཤད་སྤེལ་བ་མ་ཟད། ཕན་ཚུན་གཏམ་བཤད་དང་སྐུལ་སློང་གོ་རིམ་དང་རུ་ཁག་བགྲོ་གླེང་གི་སྐབས་སུ་ཚོགས་ཞུགས་འཐུས་མི་རྣམས་དང་གཏིང་ཟབ་པའི་རིག་གཞུང་འབྲེལ་འདྲིས་བྱས་ཏེ་ཚོགས་ཞུགས་ཆེད་མཁས་པ་རྣམས་ཀྱི་གདེང་འཇོག་ལེགས་པོ་ཐོབ།
འབྲེལ་ཡོད་འོས་སྦྱོར།
