logo

སྙན་ངག་པ་འཇུ་སྐལ་བཟང་གིས་ལྷོ་ནུབ་མི་རིགས་སློབ་ཆེན་དུ་རིག་གཞུང་སློབ་ཁྲིད་གནང་།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:གངས་ལྗོངས་ཉི་གཞོན་དྲ་བ། དུས་ཚོད།:2014-10-21 ཀློག་གྲངས།:

སྙན་ངག་པ་འཇུ་སྐལ་བཟང་གིས་ལྷོ་ནུབ་མི་རིགས་སློབ་ཆེན་དུ་རིག་གཞུང་སློབ་ཁྲིད་གནང་།
སྙན་ངག་པ་འཇུ་སྐལ་བཟང་གིས་ལྷོ་ནུབ་མི་རིགས་སློབ་ཆེན་དུ་རིག་གཞུང་འཆད་ཁྲིད་གནང་།

     ཉེ་སྔོན། བོད་ཀྱི་སྙན་ངག་པ་གྲགས་ཅན་འཇུ་སྐལ་བཟང་གིས་རྗེ་དམུ་དགེ་བསམ་གཏན་རྒྱ་མཚོས་མཛད་པའི《སྙན་ངག་ཡང་གསལ་སྣང་མཛོད་དང་དེའི་གསར་གཏོད་ཀྱི་ལག་ལེན་ལ་དཔྱད་པ》ཞེས་པའི་ཁ་བྱང་ཐོག་རིག་གཞུང་འཆད་ཁྲིད་གནང་ཞིང་། 《སྙན་ངག་ཡང་གསལ་སྣང་མཛོད》ནི་སྙན་ངག་དང་མངོན་བརྗོད། སྡེབ་སྦྱོར་རིག་པ་སོགས་གཞི་གཅིག་གི་ཕྱོགས་བསྡུས་རང་བཞིན་གྱི་རྩོམ་རིག་གཞུང་ལུགས་ཤིག་ཡིན་ལ། འཆད་ཁྲིད་གནང་སར་སློབ་གྲྭའི་དགེ་སློབ་དང་དེ་མིན་སྤྱི་ཚོགས་ཐོག་གི་སྙན་ངག་ལ་དགའ་མོས་ཡོད་མཁན་མང་པོ་ཞིག་སླེབས་ནས་ནན་ཏན་གྱིས་ཁོང་གི་འཆད་འཁྲིད་ལ་ཉན་ཡོད།


ཁོང་ལ་གདན་ཞུའི་དགེ་རྒན་གྱི་ཐོབ་ཐང་དཔང་ཡིག་སྤྲད།

     སྙན་ངག་པ་འཇུ་སྐལ་བཟང་གིས་ཕྱོགས་ཡོངས་ནས་སློབ་གཉེར་དང་གཟབ་ནན་གྱིས་ཞིབ་འཇུག་བྱས་པར་བརྟེན་ཞིབ་འཇུག་གི་གྲུབ་འབྲས་ལེགས་པོ་ཐོབ་ཡོད་པ་མ་ཟད། དེ་དག་རང་ཉིད་ཀྱི་གསར་རྩོམ་ལག་ལེན་ལ་བེད་སྤྱོད་བྱས་ཡོད། ཁོང་གིས་འཆད་ཁྲིད་གནང་ཚར་རྗེས་སློབ་གླིང་གི་འགོ་ཁྲིད་ཀྱིས་ཁོང་ལ་གདན་ཞུའི་དགེ་རྒན་གྱི་ཐོབ་ཐང་དཔང་ཡིག་སྤྲད་ཡོད། 


འབྲེལ་ཡོད་འོས་སྦྱོར།