མཚོ་ལྷོ་བོད་ཡིག་ཚགས་པར་ཁང་གིས་རྒྱ་བོད་ལོ་ཙཱ་བ་བསྡུ་བའི་བརྡ་ཁྱབ།
རྩོམ་པ་པོ།:མཚོ་ལྷོ་ཚགས་པར་ཁང་བོད་ཡིག་རྩོམ
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-09-29
ཀློག་གྲངས།:
མཚོ་ལྷོ་བོད་ཡིག་ཚགས་པར་གྱི་བྱ་གཞག་སྔར་ལས་ཇེ་རྒྱས་དང་སྐབས་བབས་ཀྱི་དགོས་མཁོ་གང་མང་ལ་དམིགས་ནས་ལོ་ཙཱ་བ་ཕོ་མོ་གཅིག་རེ་བསྡུ་བའི་འཆར་གཞི་ཡོད། ཕོ་ཡིན་ན་གཙོ་བོ་གསར་འགོད་དང་ལོ་ཙཱའི་ལས་ཀ་གཉེར་དགོས་པ་དང་། མོ་ཡིན་ན་ལོ་ཙཱ་དང་པར་སྒྲིག་གི་ལས་ཀ་གཉེར་དགོས། མིང་ཐོ་བཀོད་པ་དག་ལས་ཁུངས་ཀྱིས་སྔོན་ལ་དུས་ཡུན་ཐུང་ངུར་ཚོད་ལྟ་བྱེད་རྒྱུ་ཡིན་པ་དང་། དུས་ཡུན་དེའི་ཁྲོད་ལོ་ཙཱའི་ཆུ་ཚད་དང་བྱ་བའི་སྤྱོད་སྟངས། ཧུར་བརྩོན་རང་བཞིན་བཅས་ཚད་ལྡན་ཡིན་ན་གན་རྒྱ་རང་བཞིན་གྱིས་ལས་ཁུངས་སུ་བྱ་བ་བསྒྲུབ་ཏུ་འཇུག་རྒྱུ་ཡིན།
གཅིག ཆ་རྐྱེན།
1 སློབ་ཆེན་དངོས་གཞི་ཡན་གྱི་བོད་ཡིག་ཆེད་ལས་ཀྱི་སློབ་མ་ཡིན་དགོས།
2 བོད་ཡིག་གི་སུམ་རྟགས་དག་གསུམ་སོགས་ལ་བྱང་ཚད་ཅུང་མཐོ་དགོས་པ་མ་ཟད་རྩོམ་འབྲིའི་ནུས་པ་ལྡན་དགོས།
3 རྒྱ་བོད་ལོ་ཙཱའི་ཆེད་ལས་ལོ་འགར་གཉེར་མྱོང་མཁན་ཡིན་ན་དམིགས་བསལ་ཡོད།
4 རྩིས་འཁོར་ལ་ཅུང་བྱང་ཆ་ལྡན་དགོས།
གཉིས། ཟླ་ཕོགས་ཀྱི་ཚད་གཞི།
ཟླ་ཕོགས་སྒོར་སྟོང་གཅིག་གི་རྨང་གཞིའི་སྟེང་དུ་གསར་འགྱུར་ལོ་ཙཱའི་ཁ་གྲངས་སོགས་བསྣན་ནས་ཟླ་ཕོགས་སྟེར་རྒྱུ།
གསུམ། དེ་མིན་མི་སྒེར་གྱི་འགན་སྲུང་མ་དངུལ(三金)ལས་ཁུངས་རང་ངོས་ནས་སྤྲོད་རྒྱུ་ཡིན་པ་མ་ཟད། ལོ་ཡི་ཚད་བཀག་ལྟར་ལས་ཁུངས་ཀྱིས་མི་དོན་ཅུའུ་ལ་སྙན་ཞུ་བྱས་ཏེ་སྔ་མོ་ནས་བྱ་བའི་གོ་མིང(职称)རེག་པར་བརྩོན་ལེན་བྱ་རྒྱུ།
བཞི། འབྲེལ་གཏུག་བྱ་ཡུལ།
མཚོ་ལྷོ་ཚགས་པར་ཁང་བོད་ཡིག་རྩོམ་སྒྲིག་པུའུ།
ཁ་པར། 0974 ----8520634

སྤྱི་ལོ2014ལོའི་ཟླ9པའི་ཚེས29ཉིན།
འབྲེལ་ཡོད་འོས་སྦྱོར།
-
མཚོ་ལྷོ་བོད་ཡིག་ཚགས་པར་གྱི་བྱ་གཞག་སྔར་ལས་ཇེ་རྒྱས་ད...