logo

ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-09-22 ཀློག་གྲངས།:

ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ།
ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

     དེ་ཡང་བོད་སྐད་ཡིག་སྤྱི་ཚོགས་ཡིག་བཀོལ་བྱ་བར་ཞིབ་བཤེར་ལེགས་བཅོས་གནང་བ་དང་། བོད་སྐད་ཡིག་བྱ་བའི་ཕྱོགས་ཡོངས་བདེ་ཐང་འཕེལ་རྒྱས་འབྱུང་བར། ཟླ9བའི་ཚེས16ཉིན། བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང(སྒྲིག་སྒྱུར་ཅུའུ)གིས་ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བ་དང་། རྫོང་སོ་སོའི་བོད་སྐད་ཡིག་བྱ་བར་དོ་དམ་གྱི་འབྲེལ་ཡོད་འགན་ཁུར་མི་སྣ། དེ་མིན་ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མི་སྣ་བཅས་གྲོས་ཚོགས་སུ་ཞུགས།


བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང(སྒྲིག་སྒྱུར་ཅུའུ)གི་འགོ་གཙོ་གཞོན་པ་ཆོས་གྲགས་ཀྱིས་གཏམ་བཤད་གནང་བ།

     གྲོས་ཚོགས་སུ། ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བས་ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་བྱ་བ་སྤེལ་བའི་གནས་ཚུལ་དང་རྗེས་ཕྱོགས་ཀྱི་བྱ་བའི་འཆར་འགོད་སྙན་ཞུར་ཕུལ་ཞིང་། ཚོགས་ཞུགས་ལས་ཁུངས་སོ་སོའི་འགན་ཁུར་བས་རྗེས་ཕྱོགས་སུ་བོད་སྐད་ཡིག་བྱ་བ་ཇི་ལྟར་སྤེལ་བར་རང་གི་བསམ་ཚུལ་དང་འདོད་བློ་ལྷུག་པོར་བརྗོད།
     བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང(སྒྲིག་སྒྱུར་ཅུའུ)གི་འགོ་གཙོ་གཞོན་པ་ཆོས་གྲགས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་རིམ་པ་སོ་སོའི་བོད་སྐད་ཡིག་སྡེ་ཁག་གི་བྱ་བའི་ཕན་འབྲས་ལ་ཁས་ལེན་གནང་བ་མ་ཟད་ཞིབ་ཕྲའི་དགོངས་ཚུལ་བཏོན།
     འཇིགས་མེད་རྣམ་རྒྱལ་གྱིས་གྲོས་ཚོགས་སུ་བསྟན་དོན། གཅིག་ནས་ལྗོངས་ཡོངས་ཀྱི་བོད་སྐད་ཡིག་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་སྙིང་སྟོབས་དམ་དུ་བཟུང་སྟེ་དངོས་འབེབས་བྱེད་པ། གཉིས་ནས་ཚག་རིག་སྒོས་གནས་ཐིག་གཏན་འཁེལ་བྱེད་པ་དང་། བློ་སེམས་རྩེ་གཅིག་གིས་ལྟེ་གནས་ཀྱི་བྱ་བར་ཞབས་འདེགས་སྒྲུབ་པ། གསུམ་ནས་གནད་ཆེ་ས་འབུར་དུ་ཐོན་པ་དང་། ཕྱོགས་ཡོངས་ནས་བོད་སྐད་ཡིག་བྱ་བ་སྤེལ་བ། བཞི་ནས་མུ་མཐུད་དུ་ལྷ་ས་གྲོང་ཁྱེར་གྱི་བོད་སྐད་ཡིག་སྤྱི་ཚོགས་ཡིག་བཀོལ་ཞིབ་བཤེར་ལེགས་བཅོས་བྱ་བ་ལེགས་པོར་སྤེལ་དགོས།


འབྲེལ་ཡོད་འོས་སྦྱོར།