logo

རྒྱལ་ཡོངས་བོད་རྒྱ་སྐད་གཉིས་ཀྱི་སློབ་གསོའི་མཐོ་རིམ་གླེང་སྟེགས་ཟི་ལིང་དུ་བསྡུ་རྒྱུ་རེད།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-09-16 ཀློག་གྲངས།:
  རྒྱུས་ལོན་བྱུང་བ་ལྟར་ན་རྒྱལ་ཡོངས་བོད་རྒྱ་སྐད་གཉིས་ཀྱི་སློབ་གསོའི་མཐོ་རིམ་གླེང་སྟེགས་དེ་ཟླ9པའི་ཚེས19ཉིན་གནའ་མཁར་ཟི་ལིང་དུ་བསྡུ་རྒྱུ་ཡིན་ཞིང་། ཐེངས་འདིའི་གླེང་སྟེགས་ནི་ཀྲུང་གོའི་གྲངས་ཉུང་མི་རིགས་སློབ་གསོ་ཚོགས་པས་གཙོ་སྒྲུབ་དང་། ཀྲུང་གོའི་གྲངས་ཉུང་མི་རིགས་སློབ་གསོ་ཚོགས་པའི་སྐད་གཉིས་སློབ་གསོའི་ཆེད་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་རོགས་སྒྲུབ། མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་གྱིས་འགན་སྒྲུབ་བྱེད་རྒྱུ་རེད།
  ཚོགས་འདུས་བོད་རྒྱ་སྐད་གཉིས་སློབ་གསོའི་སློབ་ཁྲིད་ཧུར་ཐག་གིས་ཞིབ་འཇུག་དང་བོད་རྒྱ་སྐད་གཉིས་དགེ་རྒན་གྱི་གསོ་སྦྱོང་རྟེན་གཞི་འཛུགས་སྐྲུན་བྱེད་པ་དེ་བརྗོད་གཞིར་བྱས་ནས། འབྲེལ་ཡོད་ཀྱི་སློབ་གསོའི་ལས་ཁུངས་དང་ཆེད་མཁས་གྲགས་ཅན་རྣམས་ལྷན་གཅིག་ཏུ་འཛོམས་ཏེ་བོད་རྒྱ་སྐད་གཉིས་སློབ་གསོའི་སློབ་ཁྲིད་ཐད་ཀྱི་གནད་དོན་གང་མང་ལ་རྩད་བསྡུར་བྱ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།