logo

བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་པར་སྐྲུན་ལས་དོན་སྐོར་གྱི་ཆེད་ལས་མཁས་པའི་དཔྱད་བརྗོད་ཚོགས་འདུ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-09-01 ཀློག་གྲངས།:

     ཟླ8པའི་ཚེས28ཉིན་གྱི་ཕྱི་དྲོར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་པད་སྐྲུན་ལས་དོན་དང《དེང་རབས་བོད་ཀྱི་ཚིག་མཛོད》སྐོར་གྱི་ཆེད་ལས་མཁས་པའི་དཔྱད་བརྗོད་ཚོགས་འདུ་དེ་ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་རིག་གཞུང་ཚོམས་ཁང་དུ་བསྡུས་ཤིང་། མིང་དུ་གྲགས་པའི་ཤེས་ཡོན་པ་ཁ་སྒང་བཀྲ་ཤིས་ཚེ་རིང་དང་། སྐལ་བཟང་ཐོགས་མེད། བོད་རིག་པའི་སློབ་གླིང་གི་གླིང་གཙོ། དེ་མིན་དགེ་རྒན་ཆེན་མོ་དག་དང་། ཞིབ་འཇུག་སློབ་མ། དངོས་གཞི་སློབ་མ་སོགས་ཐེངས་འདིའི་གྲོས་ཚོགས་སུ་ཞུགས།

     ཤེས་ཡོན་པ་རྣམས་ཀྱིས་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་ཉེ་བའི་ལོ་འགའི་ནང་བླངས་པའི་གྲུབ་འབྲས་ཐད་ཁས་ལེན་གནང་ཞིང་། 《དེང་རབས་བོད་ཀྱི་ཚིག་མཛོད》ཀྱི་ནང་དོན་དང་སྒྲིག་རྩོམ་བྱ་ཐབས་ཕྱོགས་སུ་བསམ་འཆར་དང་འདོད་བློ་བརྗོད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་པར་སྐྲུན་ལས་དོན་དང《དེང་རབས་བོད་ཀྱི་ཚིག་མཛོད》སྐོར་གྱི་ཆེད་ལས་མཁས་པའི་དཔྱད་བརྗོད་ཚོགས་འདུ་དེ་བསྟུད་མར་མཚོ་སྔོན་མི་རིགས་སློབ་ཆེན་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན། ལྷ་ས་གྲོང་ཁྱེར་སོགས་སུ་བསྡུ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།