logo

ཚྭ་འདམ་མུ་འབྲེལ་རྩོམ་རིག་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྤེལ་མཛད་སྒོ་བསྡུས།

རྩོམ་པ་པོ།:བསོད་རྡོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-08-25 ཀློག་གྲངས།:


ཚྭ་འདམ་མུ་འབྲེལ་རྩོམ་རིག་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྤེལ་མཛད་སྒོ་བསྡུས།

     མཚོ་ནུབ་ཁུལ་བཙུགས་ནས་ལོ་ངོ60འཁོར་བའི་ཁུལ་སྟོན་བསུ་ལ་ཉེ་བའི་བར་སྐབས་འདིར། མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཁུལ་ཡོངས་ཀྱི་རྩོམ་རིག་སྒྱུ་རྩལ་བྱ་བ་སྒྲུབ་མཁན་དག་གིས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ60འཁོར་བའི་ལེགས་སྐྱེས་སུ་ཚྭ་འདམ་མུ་འབྲེལ་རྩོམ་རིག་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྤེལ་གྱི་མཛད་སྒོ་བསྡུས།
     མཛད་སྒོའི་སྟེང་མཚོ་ནུབ་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་བང་ཅིན་ཀྲེ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོནལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཐེན་ཀུན། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀླུ་ཁོ་རྒྱལ།  ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཧུའུ་པཱ་ལཱ་དང་རྟ་མཆོག་རྒྱལ་བཅས་ཞུགས་ཡོད་པར་མ་ཟད། དེ་མིན་ད་དུང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་། ཁུལ་ཨུའི་ཏང་གི་སློབ་གྲྭ ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་སོགས་ཀྱི་འབྲེལ་ཡོད་མི་སྣ་དང་། རྩོམ་རིག་སྒྱུ་རྩལ་བརྩམས་ཆོས་ཀྱི་རྩོམ་སྒྲིག་པ་དང་རྩོམ་པ་པོ་སོགས་ཞུགས་ཡོད།

ཚྭ་འདམ་མུ་འབྲེལ་རྩོམ་རིག་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྤེལ་མཛད་སྒོ་བསྡུས།
ཚྭ་འདམ་མུ་འབྲེལ་རྩོམ་རིག་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྤེལ་མཛད་སྒོ་བསྡུས།

     ཐེངས་འདིའི་བརྩམས་ཆོས་འགྲེམ་སྤེལ་མཛད་སྒོ་ནི་མཚོ་ནུབ་ཀྱི་རིག་གནས་ལོ་རྒྱུས་སྟེང་ལོ་ངོ60རིང་ལ་ཐོག་དང་པོར་མུ་འབྲེལ་རྩོམ་རིག་སྒྱུ་རྩལ་བརྩམས་ཆོས་ཀྱི་འབྲས་བུ་འགྲེམ་སྤེལ་བྱས་པ་ཡིན་ལ། མཚོ་ནུབ་རིག་གནས་འཛུགས་སྐྲུན་ཁྲོད་ཀྱི་ཞིམ་མངར་ལྡན་པའི་གྲུབ་འབྲས་ཤིག་ཀྱང་ཡིན་ཞིང་། མཚོ་ནུབ་ཁུལ་བཙུགས་ནས་ལོ་ངོ60འཁོར་བའི་ནང་གི་རིན་བྲལ་ལེགས་སྐྱེས་ཤིག་ཡིན། བརྩམས་ཆོས་ཀྱི་རིགས་ལ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་རྒྱ་ཡིག་པར་གཞིའི《བྱེ་ཐང་གི་རྦ་རླབས》ཕུལ་བྱུང་དཔེ་ཚོགས་བརྒྱད་དང་།  བོད་ཡིག་པར་གཞིའི《གངས་རྒྱན་མེ་ཏོག》ཕུལ་བྱུང་དཔེ་ཚོགས་བརྒྱད། ནང་སོག་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་སོག་ཡིག་པར་གཞིའི《སྟོད་སོག་རྩོམ་རིག》ཕུལ་བྱུང་དཔེ་ཚོགས་བརྒྱད། ཚྭ་འདམ་རྩོམ་རིག་སྒྱུ་རྩལ་གྱི་རྒྱ་ཡིག་པར་གཞིའི་དཔེ་དེབ་གཅིག མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་རྒྱ་ཡིག་པར་གཞིའི་སྟོད་སོག་ལོ་རྒྱུས་རིག་གནས་དཔེ་ཚོགས་བརྒྱད་དང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་ཕབ་སྐྲུན་བྱས་པའི་ལེའུ་བཞི་ཅན་གྱི་དངོས་བཤུས་བརྙན་འཕྲིན《ཚྭ་འདམ— སྙན་ངག་གི་བྲོ་བས་བལྟམས་པའི་གཤིན་ས》ཞེས་པ་སོགས་ཡོད་ལ། མུ་འབྲེལ་བརྩམས་ཆོས་འདི་དག་རྩོམ་སྒྲིག་དང་སྒྲིག་སྦྱོར་སོགས་ཀྱི་ལས་ཀ་ཆེས་རིང་བ་ལོ་གཉིས་དང་ཆེས་ཐུང་བ་ལོ་ཕྱེད་ཡིན་པས། བོད་རྒྱ་སོག་གསུམ་གྱི་ཕུལ་བྱུང་དཔེ་ཚོགས་བརྩམས་ཆོས་འདི་དག་གིས་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་མཚོ་ནུབ་ལ་རྒྱུས་ལོན་དང་མཚོ་ནུབ་ཀྱི་རྒྱུ་མང་རིག་གནས་ལ་སྔར་བས་རྒྱུས་ལོན་ཐུབ་པར་རྒྱུ་ཆ་ཡག་པོ་ཞིག་འདོན་སྤྲོད་བྱས་ཡོད།
     མཚོ་ནུབ་ཁུལ་ཨུའི་རྒྱུན་ཨུ་འམ་ཁུལ་དཔོན་གཞོན་པ་བང་ཅིན་ཀྲེ་དང་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཐེན་ཀུན་སོགས་འགོ་ཁྲིད་ཀྱིས་དཔེ་ཚོགས་ཀྱི་ཁ་བཏགས་བླངས་ནས་བརྩམས་ཆོས་འགྲེམ་སྤེལ་བྱས། བརྩམས་ཆོས་ཀྱི་རྩོམ་པ་པོ་དང་རྩོམ་སྒྲིག་པ་སོགས་ཀྱིས་རང་གི་བརྩམས་ཆོས་ཀྱི་ནང་དོན་དང་རྩོམ་སྒྲིག པར་སྐྲུན་སོགས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས་ཤིང་། བང་ཅིན་ཀྲེ་ཡིས་བརྩམས་ཆོས་འགྲེམ་སྤེལ་ལ་རྟེན་འབྲེལ་ཞུ། ཁོས་བསྟན་དོན། ཚྭ་འདམ་རྩོམ་རིག་སྒྱུ་རྩལ་གྱིས་མཚོ་ནུབ་ཀྱི་མི་རིགས་མཐུན་སྒྲིལ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་བས་ཞབས་ཕྱི་བསྒྲུབ་ནས། མཚོ་ནུབ་ཀྱི་རིགས་སོ་སོའི་མང་ཚོགས་འཆམ་མཐུན་བདེ་སྐྱིད་ངང་འཚོ་བ་རོལ་བར་བྱས་རྗེས་འཇོག་དགོས་པ་བསྟན།


འབྲེལ་ཡོད་འོས་སྦྱོར།