logo

《མཚོ་ལྷོའི་རྩོམ་རིག》མིང་བསྒྱུར་པར་གཞི་ལེགས་བཅོས་ཀྱི་བགྲོ་ཚོགས་བསྡུས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-08-25 ཀློག་གྲངས།:

     ཉེ་སྔོན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས《མཚོ་ལྷོའི་རྩོམ་རིག》ཅེས་པའི་མིང་བསྒྱུར་དང་པར་གཞི་ལེགས་བཅོས་ཀྱི་བགྲོ་གླེང་ཚོགས་འདུ་བསྡུས་ཤིང་། མཚོ་ལྷོ་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་སྐོར་ཞིག་ཐེངས་འདིའི་གྲོས་ཚོགས་སུ་ཞུགས།


     གྲོས་ཚོགས་སུ་མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་གཙོ་ཁུང་ཀྲན་ཝེ་ཡིས《མཚོ་ལྷོའི་རྩོམ་རིག》ཅེས་པའི་མིང་གསར་བའི་བསམ་ཕྱོགས་དང་། དུས་དེབ་ཀྱི་ལེ་ཚན་དང་ནང་དོན་སོགས་ཀྱི་ཇུས་འགོད་བྱེད་ཕྱོགས་ཐད་ནས་མཚམས་སྦྱོར་གནང་སྟེ་ཚོགས་ཞུགས་མི་སྣའི་རྒྱབ་སྐྱོར་དང་ཁས་ལེན་ཐོབ། ཚང་མས་གཅིག་མཐུན་གྱིས་བསྟན་དོན། པར་གཞི་ལེགས་བཅོས་བྱས་རྗེས་ཀྱི《མཚོ་ལྷོའི་རྩོམ་རིག》ནི་པར་ངོས་ཇུས་འགོད་དང་ལེ་ཚན་རིགས་དབྱེ་སོགས་གང་གི་ཐད་ནས་ཀྱང་དུས་རབས་རང་བཞིན་དང་ས་ཁོངས་ཀྱི་ཁྱད་འཕགས་རང་བཞིན་མངོན་པར་དོད་ཡོད། འདི་ནི་མཚོ་ལྷོ་ས་ཁུལ་གྱི་རྩོམ་པ་པོ་དང་རྩོམ་རིག་དགའ་མོས་པ་རྣམས་ཀྱིས་ཕན་ཚུན་ལ་སློབ་སྦྱོང་བྱེད་པའི་སྟེགས་བུ་ཞིག་ཡིན་པར་མ་ཟད།  མཚོ་ལྷོའི་རྩོམ་རིག་ཁྱབ་སྦྱོར་དང་། ས་གནས་སོ་སོའི་རྩོམ་རིག་ཁྱབ་ཁོངས་སུ་འབྲེལ་འདྲིས་བྱེད་པར་ཟམ་པ་བསྐྲུན་པ་ཡིན།

     དེ་མིན་ཡང་བསྐྱར་ཐོ་འགོད་དང་མཚོ་ལྷོ་ཁུལ་རྩོམ་པ་པོའི་མཐུན་ཚོགས་སོགས་མཐུན་ཚོགས་ལྔའི་ཚོགས་མི་གཏན་འཁེལ་གྱི་བརྡ་སྦྱོར་བཏང་བ་སྟེ། བློ་མཐུན270སོ་སོ་ནི་རྩོམ་པ་པོའི་མཐུན་ཚོགས་དང་། གླུ་གར་པའི་མཐུན་ཚོགས། ཡིག་གཟུགས་པའི་མཐུན་ཚོགས། པར་ལེན་པའི་མཐུན་ཚོགས། དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་བཅས་མཐུན་ཚོགས་ལྔའི་ཚོགས་མི་ཡིན་པ་དང་། དེ་ལས་མཚོ་ལྷོ་ཁུལ་རྩོམ་པ་པོའི་མཐུན་ཚོགས་སུ་ཚོགས་མི78དང་། གླུ་གར་པའི་མཐུན་ཚོགས་སུ་ཚོགས་མི65། ཡིག་གཟུགས་པའི་མཐུན་ཚོགས་སུ་ཚོགས་མི55། པར་ལེན་པའི་མཐུན་ཚོགས་སུ་ཚོགས་མི32། དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་སུ་ཚོགས་མི40བཅས་འདུས་ལ། ཚོགས་མི་སོ་སོར་ཆེད་དུ་ཇུས་འགོད་དང་སྒྲིག་བཟོ་བྱས་པའི་འཕྲིན་སྐྱེལ་ཟིན་ཐོ་གནང་།


འབྲེལ་ཡོད་འོས་སྦྱོར།