ན་གཞོན་སྙན་ངག་པ་ནོར་བུ་དབང་རྒྱལ《ཀྲུང་གོའི་སྙན་ངག》དབྱར་སྒར་དུ་ཞུགས།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-08-21
ཀློག་གྲངས།:
ན་གཞོན་སྙན་ངག་པ་ནོར་བུ་དབང་རྒྱལ།
རྒྱུས་ལོན་པ་ལྟར་ན། བོད་རིགས་ན་གཞོན་སྙན་ངག་པ་ནོར་བུ་དབང་རྒྱལ་ནི་གདན་འདྲེན་ཞུས་པ་ལྟར《ཀྲུང་གོའི་སྙན་ངག》2014ལོའི་གསར་རྙེད་ཅེས་པའི་སྙན་ངག་དབྱར་སྒར་དུ་ཞུགས་ཐུབ་པ་བྱུང་ཞིང་། ཀན་ལྷོ་ཁུལ་དུ《ཀྲུང་གོའི་སྙན་ངག》དབྱར་སྒར་དུ་ཞུགས་པའི་སྙན་ངག་པ་ཐོག་མ་ཡིན།
བོད་རིགས་ན་གཞོན་སྙན་ངག་པ་ནོར་བུ་དབང་རྒྱལ་ནི་ཀན་སུའུ་འབྲུག་ཆུའི་ཡིན་པ་དང་། ལན་གྲུ་རིག་རྩིས་སློབ་གླིང་རྒྱའི་སྐད་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན་ཞིང་། རྩོམ་རིག་བརྩམས་ཆོས་གང་མང་བརྩམས་ཏེ《ཀྲུང་གོའི་སྙན་ངག》དང་། 《གངས་དཀར་རི་བོ》། 《བོད་ལྗོངས་རྩོམ་རིག》 《ཧྲན་ཏུང་རྩོམ་རིག》སོགས་དུས་དེབ་སྟེང་སྤེལ་བ་ཡིན།
འབྲེལ་ཡོད་འོས་སྦྱོར།