མགོ་ལོག་པད་མ་རྫོང་གིས་བར་འདུམ་པའི་གསོ་སྦྱོང་འཛིན་གྲྭ་བསྡུས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ།
དུས་ཚོད།:2014-08-16
ཀློག་གྲངས།:
ཉེ་ལམ། མགོ་ལོག་པད་མ་རྫོང་ཁྲིམས་འཛིན་ཅུའུ་ཡིས2014ལོའི་མི་དམངས་བར་འདུམ་པའི་གསོ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་བསྡུས་ལ། རྫོང་ཡོངས་ཀྱི་ཞང་དང་གྲོང་རྡལ་སོ་སོའི་བར་འདུམ་གཙོ་འཛིན་འགོ་ཁྲིད་དང་ཞང་དང་གྲོང་རྡལ་སོ་སོའི་བར་འདུམ་མི་སྣ་གསོ་སྦྱོང་དུ་ཞུགས།
པད་མ་རྫོང་ཁྲིམས་འཛིན་ཅུའུ་ཡིས་མི་དམངས་བར་འདུམ་བྱ་བ་ཚད་ལྡན་མིན་པ་དང་། བར་འདུམ་མི་སྣས་ཁྲིམས་འགལ་ལུགས་འགལ་དང་། རྒྱུ་འབྲས་དྲང་བཞག་མིན་པའི་བར་འདུམ་བྱེད་པའི་དོན་དངོས་ལ་དམིགས་ནས། རྫོང་ཡོངས་སུ་བར་འདུམ་དཔུང་སྡེ་དག་ཐེར་བཅོས་སྐྱོང་དང་ལེགས་སྒྲིག་བྱེད་པའི་བྱ་བ་སྤེལ་བ་མ་ཟད། རྫོང་ཡོངས་ཀྱི་ཞང་གྲོང་སོ་སོས་གསར་དུ་བདམས་པའི་བར་འདུམ་མི་སྣའི་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་བསྡུས་མྱོང་།
ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་བསྡུ་བའི་དམིགས་ཡུལ་ནི། ད་སྔའི་བྱ་བར་གྲུབ་འབྲས་སྔར་ལས་བཟང་པོ་ཞིག་ལོན་ཆེད་དང་། ལོ་སྟོད་ཀྱི་བར་འདུམ་མི་སྣའི་བྱ་བའི་གནས་ཚུལ་སྤྱི་སྡོམ་བྱེད་པ། མགྱོགས་མྱུར་སྒོས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་འགལ་བ་གཙོ་བོ་དག་གི་གནད་དོན་ལ་ཞིབ་བཤེར་རྒྱུས་ལོན་བྱེད་པ་བཅས་ཀྱི་ཆེད་རེད། གསོ་སྦྱོང་འཛིན་གྲྭའི་སྟེང་དུ་པད་མ་རྫོང་མི་དམངས་ཁྲིམས་ཁང་དང་། རྫོང་སྤྱི་བདེ་ཅུའུ་སོགས་ཀྱི་འབྲེལ་ཡོད་མི་སྣས་མི་དམངས་བར་འདུམ་བཅའ་ཁྲིམས་སོགས་བཅའ་ཁྲིམས་སོ་སོ་སྒྲོག་འགྲེལ་བྱས་ལ། རྫོང་ཁྲིམས་འཛིན་ཅུའུ་ཡིས་བར་འདུམ་བྱ་བར་རེ་བ་ནན་མོ་བཏོན།

འབྲེལ་ཡོད་འོས་སྦྱོར།