logo

བོད་རིགས་རྩོམ་པ་པོ་འགའི་བརྩམས་ཆོས་མི་རིགས་རྩོམ་རིག་གི་གལ་ཆེའི་རོགས་སྐྱོར་ལས་གཞིར་ཚུད།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-08-04 ཀློག་གྲངས།:
     ཉེ་སྔོན། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་གྲངས་ཉུང་མི་རིགས་རྩོམ་རིག་འཕེལ་རྒྱས་ལས་གཞིའི་གཞུང་སྒྲུབ་ཁང་གིས2014ལོའི་གྲངས་ཉུང་མི་རིགས་རྩོམ་རིག་གལ་ཆེའི་བརྩམས་ཆོས་རོགས་སྐྱོར་ལས་གཞིའི་རྣམ་གྲངས90ཁྱབ་བསྒྲགས་བྱས་ཤིང་། དེ་ལས་མི་རིགས་སྐད་ཡིག་གི་བརྩམས་ཆོས་རྣམ་གྲངས21དང་། བརྩམས་སྒྲུང་རྣམ་གྲངས31། སྙན་ཞུའི་རྩོམ་རིག་རྣམ་གྲངས9། ལྷུག་རྩོམ་རྣམ་གྲངས11། སྙན་ངག་རྣམ་གྲངས11། འཁྲབ་གཞུང་རྣམ་གྲངས1། གཞུང་ལུགས་དཔྱད་བརྗོད་རྣམ་གྲངས6བཅས་འདུས།
     བོད་རིགས་རྩོམ་པ་པོ་འགའི་བརྩམས་ཆོས་མི་རིགས་རྩོམ་རིག་གི་གལ་ཆེའི་རོགས་སྐྱོར་ལས་གཞིར་ཚུད་ཡོད་དེ། མི་རིགས་སྐད་ཡིག་གི་བརྩམས་ཆོས་ཐད་ཉི་མ་དོན་གྲུབ་ཀྱི《མྱང་ཆུ》ཞེས་པ་དང་། སྐལ་བཟང་དགྲ་འདུལ་གྱི《རྒྱང་ན་བཞུར་བའི་ཆུ་ཕྲན》། དེ་མིན་ཕུར་བུ་ཚེ་རིང་དང་ཚེ་རིང་བཀྲ་ཤིས། འཇིགས་མེད་རྡོ་རྗེ། མཁའ་མོ་རྒྱལ། པདྨ་མཚོ་བཅས་ཀྱི་བརྩམས་ཆོས་དང་། བརྩམས་སྒྲུང་ཐད་འཇམ་དཔལ་རྒྱ་མཚོ་དང་། ཚེ་བརྟན། འཇམ་དབྱངས་ཚེ་རིང་། ཀོ་ཀྲན་ཞུན་སོགས་ཀྱི་བརྩམས་ཆོས་དང་། ལྷུག་རྩོམ་ཐད་པདྨ་གཡུ་སྒྲོན་གྱི་བརྩམས་ཆོས་དང་། སྙན་ངག་ཐད་ལས་མེད་ཕུན་ཚོགས་དང་ཚའོ་ཡུའུ་ཡུན་གྱི་བརྩམས་ཆོས། གཞུང་ལུགས་དཔྱད་བརྗོད་ཐད་པེ་ཤའོ་ཞཱ་སོགས་ཀྱི་བརྩམས་ཆོས་འདུས།


འབྲེལ་ཡོད་འོས་སྦྱོར།