logo

མཚོ་ལྷོ་ཁུལ་གྱི་སྒྲ་སྙན་དཀྲོལ་ལེན་གསོ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་འབའ་རྫོང་དུ་བསྡུས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-07-25 ཀློག་གྲངས།:


མཚོ་ལྷོ་ཁུལ་གྱི་སྒྲ་སྙན་དཀྲོལ་ལེན་གསོ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་འབའ་རྫོང་དུ་བསྡུས།

མཚོ་ལྷོ་ཁུལ་གྱི་སྒྲ་སྙན་དཀྲོལ་ལེན་གསོ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་འབའ་རྫོང་དུ་བསྡུས།
ཡུལ་དངོས།

      རྒྱུས་ལོན་པ་ལྟར་ན། ཟླ7པའི་ཚེས21ནས་ཚེས27བར། མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་དང་། འབའ་རྫོང་སྒྲ་སྙན་དཀྲོལ་ལེན་རིག་གནས་སྲུང་སྐྱོབ་མཐུན་ཚོགས་ཀྱིས་རྩ་འཛུགས་གནང་བའི་མཚོ་ལྷོ་ཁུལ་གྱི་སྒྲ་སྙན་དཀྲོལ་ལེན་གསོ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་དེ་འབའ་རྫོང་དུ་བསྡུས་པ་རེད།


མཚོ་ལྷོ་ཁུལ་གྱི་སྒྲ་སྙན་དཀྲོལ་ལེན་གསོ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་འབའ་རྫོང་དུ་བསྡུས།

སྒྲ་སྙན་དཀྲོལ་ལེན་བྱེད་པ།

       ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་ཞུགས་པའི་སློབ་མ40ལྷག་ཡོད་ཅིང་། འབྲེལ་ཡོད་ཆེད་མཁས་པ་གདན་འདྲེན་ཞུས་ཏེ་དཀྲོལ་ལེན་ནུས་རྩལ་དང་། གཞས་ཚིག་གསར་རྩོམ་སོགས་ཀྱི་ཐད་ནས་གཏིང་ཟབ་སྒོས་སློབ་ཁྲིད་གནང་བ་དང་ཆབས་ཅིག སློབ་མ་རྣམས་ལ་དངོས་མྱོང་རྣམ་པའི་སློབ་ཁྲིད་ཀྱི་ནང་དོན་བཀོད་སྒྲིག་བྱས་ཤིང་། འདིས་མུ་མཐུད་དུ་མི་རིགས་ཀྱི་སྲོལ་རྒྱུན་ཁྱད་འཕགས་རིག་གནས་ཁྱབ་སྒྲོག་དང་། ཕུན་སུམ་ཚོགས་པའི་མང་ཚོགས་ཀྱི་རིག་གནས་ཐོན་ཁུངས་གཏིང་ཟབ་སྒོས་སྔོག་འདོན། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་ཕུན་སུམ་ཇེ་ཚོགས། མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། དར་སྤེལ་བཅས་གཏོང་བར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན།


མཚོ་ལྷོ་ཁུལ་གྱི་སྒྲ་སྙན་དཀྲོལ་ལེན་གསོ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་འབའ་རྫོང་དུ་བསྡུས།


འབྲེལ་ཡོད་འོས་སྦྱོར།