མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་དང་ཐན་ཅིན་སློབ་གྲྭ་ཆེན་མོ་གཉིས་ཀྱིས་འབུམ་རམས་ཞིབ་འཇུག་སློབ་མ་བསྡུས།
རྩོམ་པ་པོ།:གཅན་རྣམ་ཐར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-07-23
ཀློག་གྲངས།:
ཉེ་ཆར། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་དང་ཐན་ཅིན་སློབ་གྲྭ་ཆེན་མོ་གཉིས་ཀྱིས་མཉམ་འབྲེལ་གྱིས་གསོ་སྐྱོང་བྱ་རྒྱུའི་འཆར་གཞི་བཀོད་ཅིང་། གནས་བབ་གསར་བ་འོག་གི་བོད་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་དང་མཐུན་པའི་མཐོ་རིམ་འཇོན་མི་གསོ་སྐྱོང་བྱ་རྒྱུ་དམིགས་ཡུལ་དུ་བཟུང་ཡོད་པར་མ་ཟད། རྒྱལ་ཡོངས་ཀྱི་རིག་ཚན་དཔྱད་འཇོག་ཁྲོད་ཨང་གསུམ་པ་ལོན་པའི་ཐན་ཅིན་སློབ་གྲྭ་ཆེན་མོ་དང་མཉམ་འབྲེལ་གྱིས་སྤྱི་བའི་དོ་དམ་ཆེད་ལས་ཀྱི་འབུམ་རམས་པའི་ཞིབ་འཇུག་སློབ་མ་བསྡུ་བའི་བྱ་བ་བདེ་ལེགས་ངང་མཇུག་སྒྲིལ་ཞིང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་དང་ཐན་ཅིན་སློབ་གྲྭ་ཆེན་མོ་གཉིས་ཀྱི་སློབ་གྲྭའི་འགོ་ཁྲིད་དང་། འབུམ་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན། སློབ་ཆེན་གཉིས་ཀྱིས་བཙུགས་པའི་སློབ་བསྡུ་འགོ་ཁྲིད་ཚན་ཆུང་བཅས་ཀྱིས་ཐོག་མའི་མིང་འགོད་དང་། ཐོབ་ཐང་ཞིབ་བཤེར། ཆེད་ལས་ཡིག་རྒྱུགས། སྣ་འཛོམས་ཁ་རྒྱུགས། མཐའ་མའི་དཔྱད་འཇོག་བཅས་བརྒྱུད་མཐར་ཕྱོགས་ཡོངས་ཀྱི་ཚད་གཞི་ངེས་ཅན་འཛོམས་པའི་མི་དྲུག་བདམས་ཐོན་བྱུང་བ་སྟེ། བོད་ཀྱི་ལོ་རྒྱུས་རིག་གནས་གསུང་རྩོམ་རྒྱ་འགྱུར་ཁ་ཕྱོགས་ཀྱི་སློབ་མ་རིག་འཛིན་དང་། བོད་བརྒྱུད་ནང་བསྟན་གྱི་ཚན་རིག་དང་མཐུན་པའི་གསེད་འགྲེལ་ཁ་ཕྱོགས་ཀྱི་སློབ་མ་རིག་འཛིན་ཚེ་རིང་། བོད་ལུགས་གསོ་རིག་གི་རྒྱུད་འཛིན་དང་འཕེལ་རྒྱས་ཁ་ཕྱོགས་ཀྱི་སློབ་མ་མཆོག་གསུམ། བོད་ཁུལ་སྤྱི་ཚོགས་བདེ་འཇགས་དང་བཅོས་སྐྱོང་ཞིབ་འཇུག་ཁ་ཕྱོགས་ཀྱི་སློབ་མ་གཡུང་དྲུང་ཐར། བོད་ཁུལ་སྤྱི་ཚོགས་གནད་དོན་ཁ་ཕྱོགས་ཀྱི་སློབ་མ་རིག་འཛིན་རྒྱ་མཚོ། བོད་བརྒྱུད་ནང་བསྟན་དོ་དམ་ཞིབ་འཇུག་ཁ་ཕྱོགས་ཀྱི་སློབ་མ་དོ་རྒྱ་བསོད་ནམས་རྡོ་རྗེ་བཅས་མི་དྲུག་བསྡུ་ལེན་བྱེད་རྒྱུའི་ཐག་བཅད།
རྒྱུས་ལོན་བྱུང་བ་ལྟར་ན། སྐབས་འདིའི་འབུམ་རམས་ཞིབ་འཇུག་སློབ་མ་རྣམས་ནི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ལོ་རྒྱུས་སྟེང་གི་འབུམ་རམས་པ་ཆེས་ཐོག་མ་ཡིན་པ་དང་། བོད་ཀྱི་དོ་དམ་རིག་པའི་འབུམ་རམས་པ་ཆེས་ཐོག་མ་ཆགས་ཡོད་པ་རེད། མ་འོངས་པའི་ལོ་ངོ་གསུམ་གྱི་རིང་ལ་སློབ་མ་རྣམས་ཀྱིས་ལོ་ངོ120འགོར་ལ་ཉེ་བའི་རང་རྒྱལ་གྱི་དེང་རབས་སློབ་ཆེན་ཐོག་མ་ཐན་ཅིན་སློབ་གྲྭ་ཆེན་མོའི་འགོ་ཁྲིད་དང་མཛུབ་སྟོན་འོག་སློབ་གཉེར་བྱེད་རྒྱུ་ཡིན་པ་དང་སློབ་ཆེན་འདི་གའི་དོ་དམ་རིག་པའི་བསླབ་གནས་དང་མཐར་ཕྱིན་འཛིན་ཡིག་བསྩོལ་རྒྱུ་རེད།

འབྲེལ་ཡོད་འོས་སྦྱོར།