logo

མཚོ་སྔོན་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་གླེང་མོལ་ཚོགས་འདུ་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-07-22 ཀློག་གྲངས།:

མཱ་ལ་ཆིན་ཧྥུ
མཚོ་སྔོན་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་གླེང་མོལ་ཚོགས་འདུ་བསྡུས་པ།

     ཟླ7པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་འགན་སྒྲུབ། 《མཚོ་སྔོན་པོ》རྩོམ་སྒྲིག་ཁང་དང་མཚོ་སྔོན་མི་རིགས་རྩོམ་རིག་ལོ་ཙཱའི་མཐུན་ཚོགས་ཀྱིས་རོགས་སྒྲུབ་གནང་བའི་མཚོ་སྔོན་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་བྱ་བའི་གླེང་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས་ཤིང་། མཚོ་སྔོན་ཞིང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་འགོ་གཙོ་ཅི་ཏེ་མཱ་ཀྱཱ་དང་། སྔར་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཏང་རྩ་འཛུགས་ཧྲུའུ་ཅི་གཞོན་པའམ་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅི།  མིང་དུ་གྲགས་པའི་རྩོམ་པ་པོ་མཱ་ལ་ཆིན་ཧྥུ་སོགས་ཚོགས་འདུ་ལ་ཞུགས་ཏེ་གཏམ་བཤད་གནང་བ་དང་།  ཧོར་རིགས་ཀྱི་རྩོམ་པ་པོའམ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པོའོ་དབྱི་ཀྲི་དང་།  བོད་རིགས་སྙན་ངག་པའམ་བློ་མཐུན་རྒན་པ་སྐལ་བཟང་རྡོ་རྗེ། དེ་མིན་ཞིང་ཆེན་ཕྱི་ནང་གི་རྩོམ་པ་པོ་དང་དཔྱད་བརྗོད་པའི་ཚབ་མཚོན་པ50ལྷག་ཐེངས་འདིའི་གླེང་མོལ་དུ་ཞུགས།


མིང་གྲངས་རྩོམ་པ་པོ་མཱ་ལ་ཆིན་ཧྥུ།

     ཅི་ཏེ་མཱ་ཀྱཱ་ཡིས་གཏམ་བཤད་ཁྲོད་མཚོ་སྔོན་ཞིང་ཆེན་གྱི་རིགས་སོ་སོའི་རྩོམ་པ་པོར་ཉིན་རེར་འགྱུར་ལྡོག་བྱུང་བའི་སྤྱི་ཚོགས་འཚོ་བར་ཟབ་ཞུགས་བྱེད་པར་སྐུལ་སློང་གནང་བ་སྟེ། གང་ནུས་ཀྱིས་རང་མི་རིགས་ཀྱི་མགྲིན་ཚབ་པ་ཞིག་བྱ་རྒྱུ་དང་། བློ་རྩེ་གཅིག་སྒྲིལ་གྱིས་གསར་རྩོམ་ལ་འབད་ཅིང་གྲུབ་འབྲས་ཡོད་པར་བྱ་བ་དང་། རང་ས་གནས་ནས་རྐང་ཚུགས་ཏེ་ཀྲུང་གོ་དང་འཛམ་གླིང་ལ་ཕྱོགས་དགོས་པ་དང་།  སེམས་ཞིབ་མོས་རིག་གནས་ཀྱི་རྐང་ཟིན་རྒྱུ་དང་། དུས་རབས་དང་། མི་དམངས་དབར་གྱི་འབྲེལ་བ་ཐག་གཅོད་བྱེད་དགོས་པ་རེད།
     དེ་ཡང་ཀྲུང་གོའི་མི་རབས་དང་པོའི་རྩོམ་པ་པོ་ལས་སོག་པོའི་རྩོམ་པ་པོ་མཱ་ལ་ཆིན་ཧྥུ་ཡིས་ཉེ་བའི་ལོ་འགའི་རིང་མཚོ་སྔོན་རྩོམ་པ་པོ་མཐུན་ཚོགས་ཀྱིས་གྲངས་ཉུང་མི་རིགས་རྩོམ་རིག་ཐད་དུ་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་དང་། རང་ཉིད་ཀྱི་རྩོམ་རིག་གསར་རྩོམ་གྱི་ལམ་བུ་ལ་ཕྱིར་དྲན་དང་། ཚོགས་ཞུགས་རྩོམ་པ་པོ་རྣམས་ལ་རང་གི་གསར་རྩོམ་གྱི་ཉམས་མྱོང་མཚམས་སྦྱོར་བྱས།
     གླེང་མོལ་ཚོགས་འདུ་རུ་ཚང་མས་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་གྱི་གནས་བབ་དང་། མི་རིགས་རྩོམ་རིག་གསར་རྩོམ་གྱི་གནས་ས་སྔར་ལས་ཇེ་དྲག་དང་། མཚོ་སྔོན་གྱི་རྩོམ་རིག་གསར་རྩོམ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་བསམ་ཚུལ་དང་འདོད་བློ་མི་ཉུང་བ་བཏོན།


འབྲེལ་ཡོད་འོས་སྦྱོར།