logo

རྒྱལ་ཡོངས《གེ་སར》བྱ་བའི་དོ་དམ་མི་སྣའི་གསོ་སྦྱོང་འཛིན་གྲྭ་ཁྲི་ཀ་རུ་བསྡུས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-07-09 ཀློག་གྲངས།:

རྒྱལ་ཡོངས《གེ་སར》བྱ་བའི་དོ་དམ་མི་སྣའི་གསོ་སྦྱོང་འཛིན་གྲྭ་ཁྲི་ཀ་རུ་བསྡུས།
རྒྱལ་ཡོངས《གེ་སར》བྱ་བའི་དོ་དམ་མི་སྣའི་གསོ་སྦྱོང་འཛིན་གྲྭ་ཁྲི་ཀ་རུ་བསྡུས།

     ཟླ7པའི་ཚེས8ཉིན། རྒྱལ་ཡོངས《གེ་སར》བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་མཚོ་སྔོན་ཞིང་ཆེན་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་ཀྱིས་གཙོ་སྒྲུབ་དང་། མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་རོགས་སྒྲུབ་གནང་བའི་དུས་ཡུན་ཉིན2ཀྱི་རྒྱལ་ཡོངས《གེ་སར》བྱ་བའི་དོ་དམ་མི་སྣ་དང་མཚོ་སྔོན་ཁུལ་གསུམ་གྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་ཤེས་ལྡན་མི་སྣའི་གསོ་སྦྱོང་འཛིན་གྲྭ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་བསྡུས།


རྒྱལ་ཡོངས《གེ་སར》བྱ་བའི་དོ་དམ་མི་སྣའི་གསོ་སྦྱོང་འཛིན་གྲྭ་ཁྲི་ཀ་རུ་བསྡུས།

     ཐེངས་འདིའི་གསོ་སྦྱོང་ལ་རྒྱལ་ཡོངས《གེ་སར》བྱ་བའི་འགོ་ཁྲིད་ཚན་ཆུང་རྒྱུན་ལས་ཨུ་ཡོན་གྱི་ཚོགས་གཙོ་གཞོན་པའམ་རྒྱལ་ཁབ་གཟུགས་འདས་རིག་གནས་ཤུལ་བཞག་གི་ཆེད་མཁས་པའི་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་གི་འགོ་གཙོ་ཁྲོའོ་ཀི་ཅིན་དང་། རིག་གནས་ཁང་གི་གཟུགས་འདས་རིག་གནས་ཤུལ་བཞག་སིའི་འགོ་གཙོ་མཱ་ཧྲིན་ཏིའུ། དེ་མིན་རྒྱལ་ཡོངས《གེ་སར》བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་འགོ་གཙོའམ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་གི་བོད་ཀྱི་རྩོམ་རིག་ཞིབ་འཇུག་ཁང་གི་འགོ་གཙོ་ནོར་བུ་དབང་ལྡན་སོགས་གདན་འདྲེན་སྒོས་སློབ་ཁྲིད་གནང་བ་རེད།


རྒྱལ་ཡོངས《གེ་སར》བྱ་བའི་དོ་དམ་མི་སྣའི་གསོ་སྦྱོང་འཛིན་གྲྭ་ཁྲི་ཀ་རུ་བསྡུས།

     རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་བསྡུས་པའི་དམིགས་ཡུལ་ནི་ལྷན་དུ་གསོ་སྦྱོང་དང་ཕན་ཚུན་སློབ་སྦྱོང་དང་འབྲེལ་འདྲིས་བྱེད་པར་བརྒྱུད། གསོ་སྦྱོང་ལ་ཞུགས་མཁན་དག་གིས་ཀྲུང་གོ་དང་མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཐད་འཕྲད་པའི་གནས་བབ་དང་འོས་འགན་མུ་མཐུད་དུ་རྒྱུས་ལོན་པ་བྱེད་པ་དང་། རྒྱལ་ཁབ་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་དང་། གཟུགས་འདས་རིག་གནས་ཤུལ་བཞག་ཀྱི་གྲངས་མཛོད་འཛུགས་སྐྲུན་བྱེད་པའི་གལ་ཆེའི་རང་བཞིན། དེ་མིན་ཚན་རིག་དང་ལུགས་མཐུན་སྒོས《གེ་སར》རིག་གནས་ཐོན་ཁུངས་སྲུང་སྐྱོབ་བྱེད་པའི་དགོས་གལ་རང་བཞིན་བཅས་ངེས་པར་བྱས་ཏེ་མུ་མཐུད་དུ་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་བའི་འགན་འཁྲིའི་ཚོར་འདུ་དྲག་ཏུ་གཏོང་དགོས།


གསོ་སྦྱོང་གི་ཡུལ་དངོས་རྣམ་པ།

     ཐེངས་འདིའི་གསོ་སྦྱོང་ལ་ཞུགས་པའི་མི་སྣ་ནི་གཟུགས་འདས་རིག་གནས་ཤུལ་བཞག་དང་འབྲེལ་བའི་མི་སྣ30དང་། རྒྱལ་ཡོངས《གེ་སར》ཁྱབ་ཡུལ་གྱི《གེ་སར》གཞི་རིམ་དོ་དམ་མི་སྣ20འདུས་ཤིང་། དེར་ཆེད་མཁས་པས་སློབ་ཁྲིད་དང་། ཡུལ་དངོས་རྟོག་ཞིབ། བགྲོ་གླེང་སོགས་ཀྱི་རྣམ་པ་སྤྱད་པ་དང་། ནང་དོན་ཐད་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱལ་སྤྱིའི་མཐོང་རྒྱ། གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་རྒྱུས་ལོན། གཟུགས་འདས་རིག་གནས་ཤུལ་བཞག་གི་གྲངས་མཛོད་དང་ཡིག་ཚགས་ཀྱི་འཛུགས་སྐྲུན། 《གེ་སར》གྱི་རྒྱུན་འཛིན་དང་སྲུང་སྐྱོབ་སོགས་གཙོར་བཟུང་བ་ཡིན།


འབྲེལ་ཡོད་འོས་སྦྱོར།