ཡུལ་ཤུལ﹒ལང་ཚོའི་ཕྱི་མིག་ཅེས་པའི་སྙན་ངག་དུས་ཆེན་དང་ཐང་བོད་གནའ་ལམ་སྙན་ངག་དུས་ཆེན་བསྡུས་པ།
སྙན་ངག་དུས་ཆེན་སྡུད་བཞི་པའི་ཡུལ་དངོས།
ཟླ7པའི་ཚེས5ཉིན་ནས་ཚེས8ཉིན། ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་སྙན་ངག་དུས་དེབ་ཁང་དང་མཚོ་སྔོན་ཡུལ་ཤུལ་ཁུལ་དྲིལ་སྒྲོག་པུའུ་གཉིས་ཀྱིས་གཙོ་བསྒྲུབས་དང་། ཡུལ་ཤུལ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཡུལ་ཤུལ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་འགན་བསྒྲུབས་གནང་བའི་སྐབས་ལྔ་པའི་ཡུལ་ཤུལ﹒ལང་ཚོའི་ཕྱི་མིག་ཅེས་པའི་སྙན་ངག་དུས་ཆེན་དང་སྐབས་གཉིས་པའི་ཀྲུང་གོའི་ཡུལ་ཤུལ་ཐང་བོད་གནའ་ལམ་སྙན་ངག་དུས་ཆེན་དེ་ཡུལ་ཤུལ་དུ་བསྡུས་པ་རེད།
ཅི་ཏེ་མ་ཅཱ་དང་ཧུའུ་ཏི་ཆིན། ལཱི་ནན་སོགས་རྒྱལ་ཡོངས་ཀྱི་ཡུལ་སོ་སོ་ནས་ཡོང་བའི་སྙན་ངག་པ་གྲགས་ཅན་དང་། དབང་ཕྱུག་ཚེ་བརྟན་དང་ཨ་ལྡོང་དཔལ་རྡོ་ཐར། གངས་ཅན་གསོམ་སྡོང་སོགས་བོད་ཀྱི་སྙན་ངག་པ་གྲགས་ཅན་རྣམས་སྙན་ངག་འདུ་ཚོགས་སྟེང་ཞུགས་ཡོད་པ་རེད།
སྙན་ངག་འདུ་ཚོགས་ཀྱི་ཡུལ་དངོས།
《ཁམས་པ་རྩོམ་རིག》གི་གྲོས་ཞིབ་ཚོགས་འདུ་བསྡུས་པ།
ཐེངས་འདིའི་སྙན་ངག་འདུ་ཚོགས་སྟེང་ཐང་བོད་གནའ་ལམ་གྱི་རྩོམ་རིག་བྱ་དགའ་དང་དབྱངས་ཅན་མ་རྟགས་མའི་སྙན་ངག་བྱ་དགའ་གནང་བའི་བྱེད་སྒོ་སྤེལ་བར་མ་ཟད། 《སྙན་ངག་དུས་དེབ》དང《ཁམས་པ་རྩོམ་རིག》གིས《ཁམས་པ་རྩོམ་རིག》གི་གྲོས་ཞིབ་ཚོགས་འདུ་བསྡུས་ནས།《ཁམས་པ་རྩོམ་རིག》མུ་མཐུད་དུ་གོང་དུ་སྤེལ་པ་དང་། ཡུལ་ཤུལ་གྱི་གཙང་གསུམ་འབྱུང་ཡུལ་རིག་གནས་གནས་སྐོར་ཐོན་ཁུངས་དྲིལ་སྒྲོག་བྱེད་པ། ཡུལ་ཤུལ་ས་ཁུལ་གྱི་ཁྱད་འཕགས་རིག་གནས་མཚོན་རྟགས་བསྐྲུན་པའི་ཐད་བགྲོ་གླེང་རྒྱ་ཆེན་པོ་གནང་བ་རེད།
ལང་ཚོའི་ཕྱི་མིག་ཅེས་པའི་སྙན་ངག་གླེང་སྟེགས་བསྡུས་པ།