logo

མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས《རྒྱ་བོད་ལོ་ཙཱའི་གཞུང་ལུགས་དང་ལག་ལེན》ཞེས་པའི་སློབ་ཁྲིད་སྤེལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-07-03 ཀློག་གྲངས།:
     དེ་ཡང་སྐད་གཉིས་སློབ་གསོའི་སྤུས་ཚད་དང་། རྒྱ་བོད་ལོ་ཙཱའི་གཞུང་ལུགས་ཀྱི་ཆུ་ཚད་མཐོེར་འདེགས། སློབ་གསོའི་ཞིབ་འཇུག་ཐད་ཤུགས་སྣོན་དང་། གཞུང་ལུགས་སློབ་སྦྱོང་དང་གཞུང་ལུགས་ཞིབ་འཇུག་གི་ཁ་དབུགས་ལེགས་པོ་ཞིག་བསྐྲུན་པར། ཟླ6པའི་ཚེས26ནས་ཚེས28བར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་ཆེད་དུ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་པོ་སངས་རྒྱས་གདན་འདྲེན་ཞུས་ཏེ་སྐད་གཉིས་དགེ་རྒན་དང་བོད་སྐད་ཡིག་དགེ་རྒན70ལ་དུས་ཡུན་ཉིན3རིང་བོད་རྒྱ་ལོ་ཙཱའི་གཞུང་ལུགས་དང་ལག་ལེན་ཐད་ཀྱི་ཆེད་དོན་སློབ་ཁྲིད་གནང་བ་མ་ཟད། སློབ་གྲྭའི་སློབ་མ་ཡོངས་ལ་ཇི་ལྟར་སློབ་སྦྱོང་དང་། དགེ་རྒན་ལ་ཇི་ལྟར་བརྩི་བཀུར་བྱེད་པ།  དེ་མིན་ཕ་མ་ལ་ཇི་ལྟར་གོང་བཀུར་བྱེད་པ་སོགས་ཀྱི་སློབ་གསོ་གནང་སྟེ་རྒྱ་ཆེ་བའི་དགེ་སློབ་ཡོངས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།
     དགེ་རྒན་ཆེན་པོ་སངས་རྒྱས་ཀྱིས་ལོ་མང་པོའི་སློབ་གསོ་ལག་ལེན་དང་ལོ་ཙཱའི་ཉམས་མྱོང་ལྟར། ལོ་ཙཱ་བྱེད་ཐབས་དང་དངོས་ཡོད་བཀོལ་སྤྱོད་ལ་སྦྱར་ནས་ལོ་ཙཱ་བྱ་བའི་ཁྲོད་ཀྱི་དཀའ་ཁག་དང་གནད་འགངས་ལ་གཞིག་སྟེ་དགེ་སློབ་དག་གི་དྲི་བར་དཔྱིས་ཕྱིན་པའི་ལན་གསལ་བོ་བཏབ་པ་རེད།


འབྲེལ་ཡོད་འོས་སྦྱོར།