logo

ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བོད་ལྗོངས་ཕོ་རིའི་ཡིག་རྙིང་ཕྱིར་འགྲེམ་ལ་ཉེ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-06-20 ཀློག་གྲངས།:

“菩日文献”将揭开千年神秘面纱
ཕོ་རི་ཡིག་རྙིང་ཁྲོད་ཀྱི《ཕ་རོལ་ཏུ་ཕྱིན་པའི་མདོ》

  ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཕོ་རིའི་ཡིག་རྙིང་གི་གློག་རྡུལ་པར་གཞི་དེ་འཛམ་གླིང་ཡོངས་སུ་འགྲེམ་ལ་ཉེ་ཞིང་། དེས་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་ཞིབ་འཇུག་ཐད་ཐོག་མའི་དཔྱད་གཞི་ཡིག་ཆ་རྩ་ཆེན་འདོན་སྤྲོད་བྱེད་ཐུབ་པ་རེད།
  ཕོ་རིའི་ཚད་ལྡན་ཡིག་ཆ་ནི་བོད་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱི་གཉའ་ལམ་རྫོང་ཕོ་རི་སྡེ་བ་རུ་རྙེད་པ་དང་། དེ་ནི་ཏུན་ཧོང་ཡིག་རྙིང་རྗེས་སུ་བྱུང་བའི་ལོ་རྒྱུས་ཆེས་རིང་ཞིང་བསྡུ་ཉར་གྱི་གྲངས་འབོར་ཆེས་མང་བའི་བོད་ཡིག་ཡིག་རྙིང་ཞིག་ཡིན་ལ། བསྡོམས་པས་རིགས150ལྷག་དང་ཤོག་ངོས12000ལ་ཉེ་བ་ཡོད་ཅིང་། ཕོ་རིའི་ཡིག་རྙིང་བྱུང་བའི་ལོ་ཚིགས་དེ་དུས་རབས10པའི་བར་དུ་ཁུངས་འདེད་ཀྱི་ཡོད་པ་རེད།
 


འབྲེལ་ཡོད་འོས་སྦྱོར།