སི་ཁྲོན་གྱི་བོད་རིགས་ན་གཞོན་རྐང་གྲུག་རུ་ཁག་ཐོག་མ་བཙུགས།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-06-04
ཀློག་གྲངས།:

སི་ཁྲོན་གྱི་བོད་རིགས་ན་གཞོན་རྐང་གྲུག་རུ་ཁག་ཐོག་མ་བཙུགས།
ཟླ6པའི་ཚེས1ཉིན་ཏེ་ཏག་ཏག་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་སྐབས་དང་བསྡོངས་ནས་སི་ཁྲོན་གྱི་བོད་རིགས་ན་གཞོན་རྐང་གྲུག་རུ་ཁག་ཐོག་མ་དེ་རྔ་བ་ཁུལ་ཧུང་ཡོན་རྫོང་དབྱི་ཏེ་གཡུ་རིན་སློབ་ཆུང(易地育人小学)དུ་བཙུགས།

སི་ཁྲོན་གྱི་བོད་རིགས་ན་གཞོན་རྐང་གྲུག་རུ་ཁག་ཐོག་མ།
རྐང་གྲུག་རུ་ཁག་འདི་འཛུགས་པའི་མཛད་སྒོའི་སྟེང་། ཞི་ཞིན་ས་ཚུགས་རིག་གནས་དར་སྤེལ་ཀུང་ཟི་དང་ཧུང་ཡོན་ཁྱུན་ཤིས་སློབ་ཆུང་གཉིས་ཀྱིས་ཕན་ཚུན་ལ“ཧུང་ཡོན་དང་ཞི་ཞིན་ས་ཚུགས་གླག་རྒོད་རྔོན་པའི་རྐང་གྲུག་རུ་ཁག”ལོ་བཅུའི་མཉམ་འབྲེལ་ཆིངས་ཡིག་བཞག ཞིི་ཞིན་ས་ཚུགས་ཀྱི་སྤྱི་ཁྱབ་འགན་འཛིན་པས་སློབ་གྲྭ་དེར་རྐང་གྲུག་རུ་ཁག་སྦྱོང་བརྡར་གྱི་མ་དངུལ་སྒོར་ཁྲི5དང་འབྲེལ་ཡོད་དངོས་རྫས་འདོན་སྤྲོད་བྱས།
འབྲེལ་ཡོད་འོས་སྦྱོར།
