བོད་ལྗོངས་ཀྱི་སློབ་སྔོན་སློབ་གསོའི་སློབ་གྲྭར་འགྲིམ་ཚད50%ཟིན་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-05-29
ཀློག་གྲངས།:
བོད་ལྗོངས་ཀྱི་སློབ་སྔོན་སློབ་གསོའི་སློབ་གྲྭར་འགྲིམ་ཚད50%ཟིན་པ།
2013ལོའི་ལོ་མཇུག་བར་དུ་བོད་ལྗོངས་སུ་བྱིས་སྐྱོང་ཁང613ཡོད་ཅིང་། སློབ་སྔོན་སློབ་གསོའི་སློབ་གྲྭར་འགྲིམ་ཚད52%ལ་བསླེབས། བོད་ལྗོངས་སུ་གྲོང་ཁྱེར་དང་གྲོང་གསེབ་དུ་ལོ་གསུམ་དང་། རོང་འབྲོག་ཁུལ་དུ་ལོ་གཉིས་ཀྱི་སློབ་སྔོན་སློབ་གསོའི་ལས་གྲྭ་འགོ་བརྩམས་ནས་སློབ་སྔོན་སློབ་གསོ་རིམ་གྱིས་ཁྱབ་བརྡལ་དུ་བཏང་། 2015ལོའི་བར་དུ་བོད་ལྗོངས་ཀྱི་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭའི་གཞི་རྩའི་འཛུགས་སྐྲུན་དེ་རྒྱལ་ཁབ་ཀྱི་ཚད་གཞི་རུ་བསླེབ་ངེས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལོ་གསུམ་གྱི་སློབ་སྔོན་སློབ་གསོའི་ལོསློབ་གྲྭར་འགྲིམ་ཚད95%ལ་བསླེབ་ངེས་པ་དང་། རོང་འབྲོག་ཁུལ་གྱི་ལོ་གཉིས་ཀྱི་སློབ་སྔོན་སློབ་གསོ་ཁྱབ་བརྡལ་དུ་བཏང་ཚད85%ལ་བསླེབ་ངེས།
འབྲེལ་ཡོད་འོས་སྦྱོར།