ལུའུ་ཞུན་རྩོམ་རིག་གླིང་གིས་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གསར་རྩོམ་གསོ་སྐྱོང་འཛིན་གྲྭ་བསྡུས་པ།

ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གསར་རྩོམ་གསོ་སྐྱོང་འཛིན་གྲྭ་བསྡུས་པ།
ཟླ5བའི་ཚེས20ཉིན། ལུའུ་ཞུན་རྩོམ་རིག་གླིང་གིས་གཙོ་སྒྲུབ་དང་རྩ་འཛུགས་བྱས་པའི་སྐབས་བཅུ་བའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གསར་རྩོམ་གསོ་སྐྱོང་འཛིན་གྲྭ་དེ་སི་ཁྲོན་རྩོམ་པ་པོ་མཐུན་ཚོགས་དང་པཱ་ཅིན་རྩོམ་རིག་གླིང་གིས་རོགས་སྐྱོར་དང་མཐུན་རྐྱེན་འོག་པཱ་ཅིན་རྩོམ་རིག་གླིང་དུ་དངོས་སུ་བསྡུས་པ་རེད།
རེབ་འདིའི་འཛིན་གྲྭར་རང་རྒྱལ་གྱི་རང་སྐྱོང་ལྗོངས་དང་ཞིང་ཆེན14ནས་ཡོང་བའི་བོད་དང་སོག་པོ། ཡུ་གུར། མནྫི་རིགས་སོགས་གྲངས་ཉུང་མི་རིགས17གྱི་རྩོམ་པ་པོ52ཞུགས་ཡོད་པ་དང་། སློབ་མགོ་རྩོམ་པའི་མཛད་སྒོའི་སྟེང་དུ། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཧྲུའུ་ཅི་པེ་ཀུན་ཧྲིན་དང་ལུའུ་ཞུན་རྩོམ་རིག་གླིང་གི་གླིང་གཙོ་ཟུར་བ་ཁྲིན་ཙིན་ཡའོ། སི་ཁྲོན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་ལེས་ནུའུ་ལུང་། སྐར་མ་སྙན་དེབ་ཀྱི་གཙོ་སྒྲིག་པ་ལིའང་ཕེན་སོགས་བཞུགས་ཡོད་པ་དང་། ཁོ་ཚོས་གྲངས་ཉུང་མི་རིགས་རྩོམ་རིག་དང་རྩོམ་པ་པོར་བཅངས་པའི་ཡིད་ཆེས་དང་རེ་བ་མངོན་པར་བསྟན་ནས། མ་འོངས་པའི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་དཔུང་སྡེ་བཙན་བརྟན་དུ་གཏོང་བའི་དམིགས་འབེན་གསལ་བོར་བསྒྲགས་པ་རེད།

ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གསར་རྩོམ་གསོ་སྐྱོང་འཛིན་གྲྭར་ཞུགས་པའི་བོད་རིགས་རྩོམ་པ་པོ་རྣམས།
གཞན་ཡང་། རེབ་འདིའི་གསོ་སྦྱོང་འཛིན་གྲྭར་ བོད་ལྗོངས་དང་མཚོ་སྔོན། སི་ཁྲོན། ཀན་སུའུ་བཅས་ནས་ཡོང་བའི་བོད་རིགས་རྩོམ་པ་པོ་བཅུ་ལྷག་ཞུགས་ཡོད་པ་དང་། ཁོ་ཚོས་ཉིན་ཉི་ཤུ་རྩ་འགའི་རིང་ལ་རིག་གནས་སློབ་སྦྱོང་དང་འཚོ་བའི་ཟབ་ཞུགས། རྩོམ་རིག་གསར་རྩོམ་ཀྱིས་ཐེངས་འདིའི་གསོ་སྦྱོང་ལ་གྲུབ་འབྲས་མི་དམན་པ་ཞིག་ལེན་པའི་ཡིད་ཆེས་དང་སྙིང་སྟོབས་བརྟན་པོར་ཡོད་པ་རེད། དེ་ནི་ཆེས་མཐོའི་ཐུགས་ཁུར་ནི་ཆབ་སྲིད་སྟེང་གི་ཐུགས་ཁུར་དང་ཆེས་མཐོའི་རྒྱབ་སྐྱོར་ནི་དཔལ་འབྱོར་སྟེང་གི་རྒྱབ་སྐྱོར། ཆེས་མཐོའི་བརྩི་བཀུར་ནི་རིག་གནས་སྟེང་གི་བརྩི་བཀུར་ཡིན་བའི་ཏང་དང་རྒྱལ་ཁབ་ཀྱི་རྩ་བའི་རྩ་དོན་ཀྱང་ཡོངས་སུ་མཐུན་པ་ཞིག་ཏུ་མངོན་པར་མཐོང་ངོ་། །
